The Tibet Express Lhamon རྒྱལ་ལོ་དོན་གྲུབ་ཀྱིས་དམིགས་བསལ་ཚོགས་ཆེན་ལ་འབུལ་རྒྱུའི་དོན་ཚན་གསུམ།

The Tibet Express

Select Language

བོད་ཡིག繁體中文English
  • Create an account
    *
    *
    *
    *
    *
    Fields marked with an asterisk (*) are required.
  • Search
2008.12.15 20:36:43
རྒྱལ་ལོ་དོན་གྲུབ་ཀྱིས་དམིགས་བསལ་ཚོགས་ཆེན་ལ་འབུལ་རྒྱུའི་དོན་ཚན་གསུམ།
There are no translations available.

བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་ཐོག་མ་དམིགས་བསལ་ཚོགས་ཆེན་སྐབས་དོན་ཚན་གསུམ་གསུང་རྒྱུའི་གྲ་སྒྲིག་གནང་བ་དང༌། གྲ་སྒྲིག་གནང་བ་དེ་བཀའ་ཟུར་ཁག་ཅིག་དང་གྲོས་བསྡུར་བྱེད་པའི་སྐབས་བཀའ་ཟུར་རྣམས་ཧ་ཅང་ཞེད་ནས་སྐུ་ངོ་དེ་འདྲ་མ་གསུངས་ཞེས་ཞུ་བ་འཐེན་པའི་གནས་ཚུལ་བྱུང་བར་བརྟེན་ཚོགས་ཆེན་ཐོག་དེ་ལྟར་གསུངས་ཡོད་མི་འདུག དོན་ཚན་གསུམ་གཤམ་དུ་བཀོད་ཡོད།

དང་པོ།  ད་ལོའི་སྤྱི་ཟླ་3 པ་ནས་ད་བར་བོད་ནང་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པ་ཁག་ནོར་འཁྲུལ་ཡིན་པར་དམིགས་བསལ་ཚོགས་ཆེན་འདིའི་ཐོག་ནས་ངོས་ལེན་བྱེད་དགོས་པ།

གཉིས་པ། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་དང༌། རྩེད་འགྲན་བྱེད་བཞིན་པའི་སྐབས་སུ་ངོ་རྒོལ་བྱས་པ་ཁག་ལ་ཚོགས་ཆེན་འདིའི་ཐོག་ནས་རྒྱ་ནག་གཞུང་ལ་དགོངས་དག་ཞུ་དགོས་པ།

གསུམ་པ། ཨ་རུ་ན་ཅལ་མངའ་སྡེ་དེ་ཉིད་རྒྱ་ནག་གི་ཁོངས་ཡིན་པ་ཚོགས་ཆེན་འདིའི་ཐོག་ནས་གསལ་བསྒྲགས་གནང་དགོས་པ། བཅས་ཁོང་གི་དོན་ཚན་གསུམ་དེ་ཡིན་འདུག

དེ་ལ་དྲ་གྲོགས་རྣམས་ཡིད་ཆེས་སམ། དོན་དེ་དངོས་ཡོད་གནས་ཚུལ་རེད། སྐབས་དེ་དུས་ནང་མོལ་བྱེད་སའི་བཀའ་ཟུར་སུ་ལ་དྲིས་ཀྱང་ཤེས་ཀྱི་རེད། དེ་ལྟར་བྱས་ན་བོད་ཀྱི་རྩ་དོན་ལ་ཕན་གནོད་གང་ཡོད་སྐོར་བགྲོ་གླེང་གནང་རོགས།




2008.12.15 15:55:52
ངས་ཀྱང་དེ་འདྲ་ཞིག་གོ་སོང་ཡང་བཀའ་ཟུར་སུ་དང་སུ་ལ་བཤད་མིན་གསལ་པོ་གོ་མ་སོང་ཞིང༌། མ་ཟད་ཁོང་གིས་དེ་སྔོན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསུངས་པ་དང་མ་མཐུན་པ་སོང་ད་དུང་ཡང་ཡིད་ཆེས་དཀའ་འདུག དེ་འདྲ་ཡིན་ན་ད་བར་ཁོང་ལ་མཐོང་ཆེན་པོ་བཞག་པ་དང་རེ་བ་ཆེན་པོ་བཅོལ་བ། ཁོང་གིས་ཡོངས་གྲགས་གསུང་བཤད་གནང་བ་རྣམས་ཆུ་ལ་གཡུག་ཟིན་པ་མ་རེད་དམ།

 
2009.05.08 14:59:42
quest
Dear webmates. I am sorry about I write in brock English, becouse I still couldn't download and instal
Tibetan fonts in my conputer.

Dear webmates calm down, even the Respectable Gyalo Dondup's opnion is true or not, it is not deadly dangerous.
It was he's personal opinion. He wasn't authorized to order the peopl who participated to that special meeting to agree with him.
If this was true, why ex-Karlons ( Ex-cabinets)plead or beg him not to talk his opinion in that meeting?If that is true Ex-karlons are stupit,because If he talked
that his opinion in the special meting they could make arguement and sergetion about his opinion and even they could defaet him by majouity at right that time.
But I don't believe it because I heard MR Gyalo Dondup had enterviwed by Radio Free Asin seviral times, It seems that he was tired of deal with Chinese Government and he lost his
trust with Chinese authorities. If If If this above is true, I am agreeing that his third opinion, because that means that the Arunachar province is part of Tibet and also I heard
him thogh Radio Free Asia he had said that the Lho Musthang and Dopo etc, are part of Tibet,but Mao give them to Nepal as a gift. So this my memorandun to you.So think about it deeper.

 
2008.12.15 16:26:55
quest
གནས་ཚུལ་དངོས་འབྲེལ་ཡིན་མིན་གཏན་གཏན་བྱེད་གལ། འདི་ཉེན་ཆེར་མངོན།

 
2008.12.16 00:40:47
quest
ཀྱེ་མ། ཀྱི་ཧུད།

 
2008.12.24 17:19:12
གནས་ཚུལ་དེའི་སྐོར་གོ་ཐོས་བྱུང་སོང༌། དེ་འདྲ་ཞིག་བཀའ་ཟུར་ཁག་ཅིག་ལ་གསུངས་ཡོད་ས་རེད།

 
2008.12.24 18:32:39
དེ་འདྲ་ཁོང་གིས་བཤད་ཨེ་ཡོད་ན། རྒྱལ་ལོ་དོན་གྲུབ་ཀྱིས་བོད་རང་བཙན་རྩོད་དགོས་སྐོར་མང་པོ་ཞིག་ཉེ་ཆར་བཤད་པ་རེད་ཟེར་བ་ཞིག་ཐོས་བྱུང་། ཁྱེད་ཚོས་སྐད་ཆ་དེ་ཁུངས་ཡོད་པ་རེ་གོ་བྱུང་ངམ། གལ་སྲིད་རྒྱལ་ལོ་དོན་གྲུབ་ལ་དེའི་སྐོར་བཀའ་འདྲ་རེ་བྱ་ཐབས་མི་འདུག་གམ། རྒྱལ་དོན་འདི་བཀའ་བློན་སྦུགས་ནས་རྒྱུན་སྡོད་བྱེད་ཀྱིན་ཡོད་སྟབས་དེར་བསྐྱོད་ནས་བཀའ་འདྲི་རེ་བྱས་ན་གནས་ཚུལ་ཁ་གསལ་ཆགས་ཀྱི་རེད།

 
2008.12.25 14:17:20
དྲ་གྲོགས་ལགས། ངས་རྫུན་བཤད་པ་གཏན་ནས་མིན། བཀའ་ཟུར་ཞིག་ལ་ཁོང་གིས་གསུངས་པ་ཟིན་ཐོ་བཀོད་འདུག་ལ། ང་ལ་བསྟན་ནས་ཁོང་ཧ་ལས་མདོག་སྟོན་གྱི་འདུག སྐད་ཆ་དེ་བདེན་པ་ཡིན་ངེས་པ་རེད། འོན་ཀྱང་བཀའ་ཟུར་དེའི་མཚན་ངས་འདིར་འགོད་ཐུབ་ས་མ་རེད། དེ་ལས་སྐུའི་གཅེན་པོ་རྒྱ་གར་དུ་བཞུགས་ཡོད་སྟབས་བཀའ་འདྲི་གནང་ཐུབ་ན་ཡག་པོ་འདུག་ཅེས་པ་དེར་ང་ལའང་མོས་མཐུན་ཆ་ཚང་ཡོད།

 
2008.12.25 16:34:29
ཁྱེད་ཀྱིས་བཀོད་པའི་དོན་ཚན་གསུམ་དེ་ངས་གནད་ཡོད་ཀྱི་མི་མང་པོ་ཞིག་ལ་འདི་ལྟར་འདུག་ཅེས་བཤད་ཀྱང་ཡིད་ཆེས་མཁན་རྩ་བ་ནས་མི་འདུག དདུང་ཕྱི་གསལ་ནང་གསལ་ཡོང་ཐུབ་པའི་ཐབས་ལམ་གཞན་པ་བེད་སྤྱོད་ཐུབ་ན་ཡག་པོ་འདུག
རྒྱ་ལོ་ལགས་སུ་དྲིས་ཀྱང་བཀའ་ཟུར་ཚོགས་འདུ་དང་དམིགས་བསལ་ཚོགས་ཆེན་བར་་གྱི་གསུང་ཚུལ་ལ་འགྱུར་བ་ཕྱིན་སྟངས་ལ་བལྟས་ཚེ་ཡང་ལན་ག་རེ་གནང་གི་ཡོད་མེད་གང་ཤེས། ཡིན་ནའང་འབད་བརྩོན་བྱེད་ཀྱི་ཡིན། ད་དུང་ཁ་བརྡ་དྲ་རྒྱ་ནང་དུ་གཅིག་བྲིས་ན་བགྲོ་གླེང་འདི་ལས་ལྷུག་ཙམ་ཡོང་རྒྱུ་རེད་དྲན་གྱི་འདུག

 
2008.12.25 17:49:29

ཁོང་གིས་དེ་ད་ལོའི་ཚོགས་ཆེན་ཐོག་མ་གསུངས་པ་དེ་བླ་མ་དཀོན་མཆོག་གི་བཀའ་དྲིན་རེད།

 
2008.12.25 22:49:00
རྒྱལ་དོན་ལགས་དང་འཇུ་ཆུང་ཐུབ་བསྟན་གཉིས་ཀྱིས་ཏིང་ཤོའོ་ཕང་གིས་རང་བཙན་མིན་པའི་གནད་དོན་གང་ཡིན་ཡང་གླེང་མོལ་གྱིས་ཐག་གཅོད་ཆོག་པའི་ངག་ཐོག་གི་ནང་གཏམ་དེ་བདེན་པ་ཡིན་སྐོར་ལ་གསལ་བསྒྲགས་སྤེལ་ཁུལ་བྱས་པ་ལྟ་བུ་དེར་ཡང་དངོས་གནས་དོན་སྙིང་མི་འདུག དེ་ཨ་མཚར་ཙམ་དུ་རྟགས་སྦྱོར་གྱི་ལམ་དུ་བཀོད་ན་འདི་འདྲ་ཞིག་རེད། ཏིང་གི་ནང་གཏམ་དེ་ཆོས་ཅན། ང་ལ་གསུངས་ཏེ། ང་ལ་གསུངས་པའི་ཕྱིར། ཞེས་པ་ལྟ་བུ་ཞིག་རེད། སྐད་ཆ་འདི་ལ་ཚུལ་གསུམ་གྲུབ་འདུག་གམ།

 
2008.12.25 23:50:55
quest
རེད་ཡ། ཚུལ་གསུམ་གྲུབ་མིན་ཇི་ལྟར་ཡང༌དོན་སྙིང་བདེན་པ་ཞིག་མ་བྱུང་བ་ནི་ད་ལོའི་ཚོགས་ཆེན་མཇུག་བསྡོམས་སྐབས་༸རྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་དེ། ཏིང་ཞོ་ཕིན་གྱི་སྐད་ཆ་དེའི་རྗེས་སུ་བསམ་མནོ་བཏང་ནས་ལག་བསྟར་བྱས་པ་ཞིག་མིན་གསུངས་པ་དེས་ཧ་གོ་ཐུབ།
གང་ལྟར་བོད་གཞུང་ནས་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་དེའི་སྐོར་གསལ་བསྒྲགས་བྱེད་ཕྱི་དྲག་པ་དང༌།
རྒྱལ་དོན་མཆོག་དང་འཇུ་ཆེན་རྣམ་གཉིས་ཀྱིས་གསལ་བསྒྲགས་དེ་སྔ་ལང་ཆེ་དྲག་སོང་བསམ་བསྡད་ཡོད།


 
2008.12.26 03:50:39
ཤེས་རྨོངས་པ་གུས་ཆབ་མདོ་བློ་བཟང་ནས་རྨོངས་འཆར་ཞིག་ཞུས་ན། ཁྱེད་ཀྱིས་དོན་དག་རླབས་པོ་ཞིག་ལ་འདངས་བརྒྱབས་ནས་ཡོད་མོད་དེ་ཕྱིར་ཡོངས་ཁྱབ་གསལ་བསྒྲགས་བྱེད་མ་ཕོད་པ་དེ་ཕལ་ཆེར་ཁྱེད་ཀྱི་ཁོག་ནང་དུ་མེ་འབར་ཡང་ཁ་ནས་དུ་བ་ཐོན་མ་ནུས་པའི་དཔེ་ལྟར་དུ་སོང་བས་ཁྱེད་ཀྱི་ཁ་ནས་ཐོན་མེད་ཅེས་བཤད་སའི་གླེངས་སྟེགས་ཤིག་བཟོས་པ་མིན་ནམ

 
2008.12.26 04:37:43
quest

 
2008.12.26 11:26:17
ཆབ་མདོ་བློ་བཟང་ལགས། ག་རེ་ཤོད་ཀྱིན་ཡོད། ཁ་གསལ་པོ་མི་འདུག སུས་ཁོགས་ལ་མེ་འབར་བཞིན་འདུག མེ་དེ་ག་རེ་རེད། དུ་བ་དེ་ག་རེ་རེད། གླེང་སྟེགས་ནས་བཤད་འདུག་པས་མ་འགྲིགས་པ་རེད་དམ་བཤད་མེད་པས་མ་འགྲིགས་པ་རེད། སྐད་ཆ་ལྷོད་ལྷོད་བྱས་ནས་ཤོད་དང་།

 
2008.12.29 13:54:11
འདིར་ཕེབས་མཁན་རྣམས་རང་རང་གི་བསམ་ཚུལ་སྤེལ་རོགས། ཁག་ཅིག་སྐུའི་གཅེན་པོ་མཆོག་ལ་བཅར་འདྲི་ཞུ་ཐུབ་ན་ཡག་པོ་ཡོད་པའི་བསམ་ཚུལ་གསུངས་འདུག་པ་དེར་ང་ལ་མོས་མཐུན་ཡོད། རྗེས་སོར་དེ་གནང་མཁན་ཡོད་ན་གནང་རོགས་གནང༌།


 
2009.01.06 23:01:48
quest
རྒྱ་ལོ་འཇུ་ཆེན་གཉིས་སྔ་ན་འདྲ། ཕྱིས་ནའང་འདྲ། གསར་འགོད་གསལ་བསྒྲགས་དེ་བཀའ་ཤག་ནས་གོ་སྒྲིག་གནང་བ་ཞིག་རེད།

 
2009.01.07 06:00:22
quest
རྒྱ་ལོ་རྒྱ་མི་རེད

 
2009.01.07 11:44:49
quest
དྲ་གྲོགས་རྣམ་པ་ཚོ། སྐད་ཆ་བཤད་པ་ལ་ཡང་རྒྱུ་མཚན་ཁུངས་ལྡན་མེད་ན་རྒྱ་ལོ་རྒྱ་མི་རེད་ཟེར་བ་དང་། རྒྱལ་ལོ་དོན་འགྲུབ་ཀྱི་བཀའ་བློན་ཞིག་ལ་དེ་འདྲ་གསུང་འདུག་ཟེར་བ་སོགས་ཁུངས་མེད་ལུང་མེད་ཀྱི་སྐད་ཆ་དག་དྲ་ཐོག་འདིར་འཁྱེར་ཡོང་ནས་བོད་ནང་ཁུལ་དུ་སེམས་པ་འཁྲུག་དུ་འཇུག་པའི་དུས་ཚོད་ཅིག་གཏན་ནས་མ་ཡིན་པར་བོད་ཟེར་བ་ནི་གཅིག་ལས་གཉིས་མེད་པ་དང་བོད་དོན་ཟེར་ན་ཡང་གཅིག་ལས་གཉིས་མེད་པ་ཞིག་ལ་ངོས་འཛིན་བྱེད་ཐུབ་པའི་སྒོ་ནས་སྐད་ཆ་རེ་བཤད་ཐུབ་པ་ཡིན་ན་ཡག་པོ་འདུག དེ་མིན་མི་ཚེ་གང་བོར་བོད་དོན་དུ་བརྩོན་ལེན་དང་བྱས་རྗེས་མང་བོ་འཇོག་མཁན་གྱི་མི་སྣ་དག་ལ་དོན་མེད་དུ་སྐྱོན་འཛུགས་བྱས་ན་ནི། བོད་པ་ལས་འབྲས་ཅན་གྱི་མི་རིགས་དང་ཁྲེལ་གཞུང་ཅན་གྱི་མི་རིགས་ཡིན་ཟེར་བ་དེ་ཡང་སྐྱག་རྫུན་ཞིག་ལས་གང་ཡང་མེད་པར་གྱུར་བ་རེད། དེ་ལྟར་ཐུགས་ལ་ངེས་པ་བྱས་དེ་རྗེས་ཕྱོགས་བསམ་ཚུལ་གང་ཞིག་འཁྱེར་ཡོང་བ་ཡིན་ན་རང་ཉིད་ལ་ཁུངས་བསྐྱལ་རྒྱུ་མེད་པའི་གཏམ་ཆལ་དེ་འདྲ་དྲ་ཐོག་ལ་མ་སྤེལ་ན་ཡག་པོ་རེད།

 
2009.05.09 06:49:12
quest
དྲ་རོགས་ལགས།ཁྻེད་ཀྻིས་བྱས་ེྗེས་ཅན་གསུངས་པ་དེ་རྒྱལ་དོན་ལ་ཟེར་གྱི་ཡོད་དམ།ཁོང་གི་བྱས་རྗེས་བོད་ས་མ་ཤོར་སྔོན་ལ་གཏོག་ཙམ་ཡོད་པ་ལས་བཙན་བྱོལ་སླེབས་ནས་བྱས་རྗེས་མེད་ལ་བྱས་ངན་ཡོད།
དང་པོ་་་ཀློ་ཆུ་མིག་རྒྱ་ཚའི་དམར་རྒ་གཏོར་མཀན་གྱིས་གཏེར་དཔོན་ཡི་པ་ལོ་རྒྱུས་མང་པོའི་ནང་དུ་གསལ།
གཉིས་པ་་་སྔོན་མ་གཞོན་ནུས་ལས་མགུལ་ཆེན་མོའ་སྐབས་ཡང་ཕར་རྒྱ་གཞུང་མཚམས་ཁང་དུ་རྒྱུག་ཚུར་གཞོན་ནུའི་རྒྱུན་ལས་རྩ་ལ་ཡོང་།མཐའ་མ་གཞོན་ནུའི་རྒྱུན་ལས་ཀྻིས་གསལ་བཤད་བཟོ་ཐུབ་མེད་པ་བྱས་བ་དེ་ཤེས་གསལ་རེད།
གསུམ་པ་་་་ཁམས་པའི་ནང་ལོག་ད་ལྟའང་ཆུ་སྒོང་གསར་རྙིང་ཞིང་པའི་རྙོག་དྲ་དེ་འཇམས་ཐུབ་མེད་པ་དེ་ཡང་ཁོང་གིས་ཆུ་སྒོང་གསར་པ་ཡིན་ཞིང་པའི་མི་ངན་ཁུང་ལ་འཛུལ་ཡོད་པ་ཁམས་པའི་མི་མང་གིས་ཤེས།
བཞི་པ་་་་་སྔོན་མ་ཏན་ཞོ་ཕེང་ལ་ཐུག་ནས་ལོག་ཡོང་སྐབས་ཡིག་འབྲུ་་རྐང་གཅིག་མེད་པ་ཁ་ནང་གི་རླུང་ཁྱེར་ནས་ཡོང་ཡོད།དེ་ཡང་ཁྱེད་ཀྱིས་མཁྱེན་གསལ་རེད།དྲ་གྲོགས་ལ་དེ་ལ་བྱས་རྗེས་ཟེར་རམ།
བཀའ་ཟེར་རྣམས་ལ་ལབ་པ་དེ་ཡང་ཡིན་སྲིད་པ་རེད།ཡིན་ནའང་ཁོང་ད་ལྟ་མི་ཡུལ་ཡོད་པའི་གསར་འགོད་པ་རྣམས་ཀྻི་གསར་པོ་བཟོ་ན་ལེགས་བས།

 
2009.01.07 13:24:43
སྐད་ཆ་འདི་འདྲའི་རིགས་མ་བཤད་ཡག་པོ་འདུག དེ་ལས་སྐད་ཆ་ག་རེ་བཤད་རྒྱུ་ཡོད་ཀྱང་བཤད་ཆོག་གི་རེད། ཚིག་ངན་བཤད་ནས་ཕན་ཐོགས་གང་ཡང་མེད།

 
2009.01.11 22:46:34
ལྷ་སྨོན་ལགས། ཁྱོད་རང་གིས་ཐོག་མར་རྒྱ་ལོ་ལགས་ཀྱིས་གསུང་པ་རེད་ཅེས་པའི་དོན་ཚན་གསུམ་དེ་ད་དུང་ཁུངས་སྐྱེལ་ཡག་པོ་ཞིག་བྱུང་མ་སོང༌།

 
2009.01.11 23:33:12
སྨོན་ལམ་ལགས། སྐད་ཆ་དེ་ངས་བདེན་པ་ཡིན་པས་དྲ་སྟེང་དུ་བཀོད་པ་ཡིན། དེ་རང་གིས་ཁུངས་སྐྱེལ་བྱེད་ཀྱི་ཡིན། མ་རེད་གསུང་མཁན་དང་དོགས་པ་ཡོད་མཁན་ཚོས་དེ་ལྟར་མ་ཡིན་པའི་ཁུངས་སྐྱེལ་བྱེད་དགོས་པ་མ་རེད། དེ་ཁྱེད་ཚོ་ཡིད་ཆེས་མེད་མཁན་ཚོའི་ལས་ཀ་ཡིན་པ་ལས་ངའི་ལས་ཀ་མ་རེད། ཧ་གོ་སོང་ངམ། ཤ་བོ་དུང་རྭ་ཅན་ལ་འགྲོ་ལུགས་བཅོ་བརྒྱད་ཡོད་ན། ང་རྔོན་པ་མདའ་གཞུ་ཅན་ལ་སྒུག་ལུགས་བཅུ་དགུ་ཡོད་ངེས་ཡིན།

 
2009.01.12 00:32:23
quest
གོང་གི་རྒྱ་ལོའི་སྐད་ཆ་དེ་ཚོ་བདེན་པ་ཡིན་མིན་ངས་མི་ཤེས། གལ་སྲིད་བདེན་པ་ཡིན་ཚེ་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་སྐད་ཆ་ཞིག་རེད་ཅེས་ཤོད་ཀྱི་ཡོད་པ་ངས་གོ་བྱུང༌། སྐད་ཆ་དེ་ཚོ་དངོས་གནས་ཁུངས་སྐྱེལ་ར་སྤྲོད་གསལ་པོ་ཞིག་དགོས་ཀྱི་རེད་མ་གཏོགས། རང་དབང་གི་གླེང་སྟེགས་འདི་ཉིད་འཆལ་གཏམ་སྤེལ་སའི་གླེངས་སྟེགས་ཤིག་མ་རེད།

 
2009.05.08 00:23:06
quest
རེད། གལ་སྲིད་སྐད་ཆ་འདི་བདེན་པ་ཡིན་ཚེ། རྒྱ་ལོ་དོན་གྲུབ་ཀྱི་ཚེ་སྲོག་ལ་ཉེན་ཁ་ཡོད་རེད། ཡིན་ནའང་། གལ་སྲིད་སྐད་ཆ་འདི་བདེན་པ་མིན་ན། ལྷ་སྨོན་གྱི་ཚེ་སྲོག་ལ་ཉེན་ཁ་ཡོད་རེད་ད། ཁུངས་སྐྱེལ་ར་སྤྲོད་གསལ་པོ་ཞིག་མེད་ན། སྐུར་འདེབས་རེད།

 
2009.05.08 00:59:26
quest
ལྷ་སྨོན་ལགས། འདི་སྐྱག་རྫུན་སྤེལ་ས་དང་དཀྲུག་ཤིང་རྒྱག་ས་མ་རེད།

 
2009.05.08 20:25:01
སྐད་ཆ་འདི་རྒྲ་ལོ་ལགས་ཀྱི་ཞལ་དངོས་ནས་གསུངས་པ་ཞིག་ཡིན་མིན་ད་དུང་སུས་ཀྱང་ཐག་གཅོད་དཀའ་ཡང་་་་སྐད་ཅ་འདིའི་ཟུར་ནས་ང་ཚོ་ལ་བསམ་བློ་བཏང་སའི་བར་སྟོང་ཧ་ཅང་ཆེ་པོ་ཞིག་འདུག་་་་མུ་མཐུད་དུ་འདིའི་སྐོར་ལ་བགྲོ་གླེང་བྱེད་རོགས

 
2009.05.09 04:44:01
quest
ཨ་མ་ལ། སྐད་ཆ་དེ་དངོས་གནས་ཡིན་རྒྱུ་ཨེ་ན། གལ་སྲིད་དངོས་འབྲེལ་དེ་ག་རང་ཡིན་ཚེ་དེ་ནི་ ཨ་ཙི།

 
2009.05.09 19:44:34
quest
ཨེ། འདི་དཀྲུགས་ཤིང་དང་རྒྱལ་ལོ་ལ་བསྙོན་འཛུགས་ཡིན་པ་འདྲ། ཆོས་ཁའི་སྙིང་ནད་ཅིག་མིན་པའི་སྨོན་ལམ།

 
2009.05.09 22:01:29
quest
དེ་འདྲ་གསུངས་བ་ཡིན་ན། རྒྱ་ལོ་ལགས་ཁོང་རིག་པ་འཆོལ་བའམ། ཡང་ན། བཀའ་བློན་ཚོར་རྩེད་མོ་རྩེས་པ་ཡིན་རྒྱུ་རེད། ཡང་ན། ཁོ་རང་གིས་བསམ་བློ་གཏོང་པྱོགས་ཤིག་ཡོད་རྒྱུ་རེད།

མ་གཞི་སྲིད་དོན་ཟེར་བ་དེ་ལ། ཁྱོད་ཀྱི་ལབ་ཡག་དེ་ག་རེ་རེད་ཅེས་གསར་འགོད་གསལ་བསྒྲགས་བྱ་རྒྱུ་ཡོད་མ་རེད་ལ། སྙན་སུམ་དང་ནང་དོན་རིག་པ་ཤེས་པ་ཙམ་གྱིས་ཧ་གོ་ཡག་ཞིག་ཡིན་ས་མ་རེད།

 
2009.05.11 03:51:54
quest
དཔེ་སྲིད་དོན་མེད།སྐུ་ངོ་གསང་བ་ཆེན་པོས་དེ་འདྲ་ཐུགས་ལ་དྲན་ཡང་ཞལ་ནས་གསུང་རྒྱུ་ག་བ་ཡོད་རེད།དོན་ཚན་དང་པོ་དང་གཉིས་པ་དགོངས་དག་ཞུ་རྒྱུ་ང་ཚོར་དབང་ཚད་ཡོད་ནའང།ཨ་རུག་ན་ཅལ་རྒྱ་ནག་གི་ས་ཡིན་པ་ང་ཚོ་ལ་དབང་ཚད་ཏིལ་འབྲུ་ཙམ་ཡང་མེད།སླུ་ངོ་མཆོག་རྒྱ་གར་ནང་བཞུགས་ནས་མི་ཚེ་རྫོགས་གྲབ་ཡིན་པས་ངོ་མ་ཚ་བ་དཔེ་རེད།

 
2009.05.11 13:06:15
quest
Could you please explain the meaning of sangwa chenmo (great secrecy). I think we call him Sawang chenmo,
That means great king.Because I heard that in 1959 as soon as the great number of Tibetans came to India
as refugee they offer Venerable Gyalo Dondup Sawang Chenmo post and submited to United Nation, that why we still call him Sawang Chenmo.

 
2009.06.25 18:28:23
quest
རྒྱལ་ལོ་དོན་གྲུབ་མཆོག་གིས་གསུངས་ཚུལ་འདི་དཀྲོགས་གཏམ་ཡིན་པ་ང་ལ་ར་སྤྲོད་བྱུང་ཡོད། ཡིད་མི་ཆེས་ན་ང་ལ་ཐུག་ཀྱང་ཆོག ངའི་མིང་ལ་ཚེ་རིང་བཀྲིས་ཟེར་བ་ཡིན། དཀྲོགས་གཏམ་སྤེལ་བ་ལ་ཡང་དགེ་མཚན་ཡོད་ངེས་པས། ངས་འཁོན་སེམས་བཟུང་བ་མིན། གསལ་བཤད་བྱེད་འདོད་པ་ཡིན།

 
2009.06.25 23:08:59
དངོས་གནས་སྐུ་ངོ་ས་དབང་ཆེན་མོས་གསུངས་པ་རེད་ཟེར་བའི་ཚིག་འདི་དག་རྫུན་རེད་བསམ་ན། དྷ་ས་ནོར་གླིང་དུ་བཞུགས་པའི་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་ལགས་སུ་དྲིས་དང་གསལ་པོ་རེད། དམིགས་བསལ་ཚོགས་ཆེན་ཐོག་དེ་ལྟར་གསུང་མི་རུང་ཞེས་འབོད་སྐུལ་ཞུ་མཁན་གཙོ་བོ་ཞིག་རེད་འདུག

 
2009.07.06 13:49:51
quest
ཡང་སྙིང་གནས་ཚུལ་འདི་བདེན་མིན་གྱི་ཐག་གཅོད་གང་འདྲ་ཞིག་བྱུང་ཡོད་དམ།

 
2009.09.04 01:51:59
རྒྱ་ལོ་དོན་གྲུབ་ཀྱིས་ཉེ་བའི་ཆར་ཡང་ཨ་རིའི་རླུང་འཕྲིན་གྱི་བརྙན་འཕྲིན་བརྒྱུད་ལམ་དུ་འདྲ་མིན་མང་པོ་བཤད་སོང༌། དངོས་གནས་བྱས་ན་ཁོ་རང་ལ་ཏང་གིས་ཅིག་བཤད་སོང་ཞེས་ཁུངས་ལུང་མེད་པའི་རྫུན་གཏམ་འཇུ་ས་མེད་པ་ཞིག་ཁུར་མ་ཡོང་ན། བོད་པའི་ཆབ་སྲིད་ཀྱི་གནས་སྟངས་འདི་ཚད་འདི་འདྲ་ཞིག་ལ་སླེབས་མི་སྲིད་པ་རེད། ད་དུང་གཞིས་བྱེས་གཉེན་འཕྲད་དེ་ཁོས་བྱས་པའི་གྲུབ་འབྲས་ཡིན་ཚུལ་བཤད་སོང༌། དངོས་གནས་བཤད་ན་སྐྱག་རྫུན་རེད། གཞིས་བྱེས་གཉེན་འཕྲད་དེ་རྒྱ་ནག་གཞུང་གིས་ཕྱི་ལོག་ལ་འགྲོ་འོང་གི་སྲིད་བྱུས་གུ་ཡངས་སུ་བཏང་བའི་ཞོར་དུ་བྱུང་བ་ཞིག་རེད། ད་དུང་བཤད་དགོས་པ་ཞིག་ལ་རྒྱ་ལོས་བཤད་པའི་གཞིས་བྱེས་གཉེན་འཕྲད་དེ་ལྡི་ལི་ནས་བོད་པ་མང་པོ་ཞིག་གིས་ཕྱི་སྡོད་རྒྱ་མིའི་ལག་ཁྱེར་བླངས་ནས་བོད་ལ་འགྲོ་རྒྱུའི་སྲོལ་ངན་ཞིག་ཡོད་པ་དེ་ཁོ་རང་གིས་བཟོས་པ་ཏན་ཏན་ཡིད་སྲིད་པ་རེད། དེ་ནི་རྒྱལ་ཚོང་གི་ལས་ཀ་ཞིག་ལས་རྒྱལ་ཁབ་ལ་ཕན་ཞིག་གཏན་ནས་མ་རེད། གཞན་བོད་ནས་མང་པོ་ཞིག་ཡོང་བཞིན་པ་དེ་མང་ཆེ་ཤོས་བལ་ཡུལ་དུ་ཡོང་རྒྱུའི་ཐོངས་མཆན་ཐོག་ནས་ཡོང་གི་ཡོད་པ་དང༌། མང་ཆེ་ཤོས་ས་མཚམས་བརྒལ་ནས་བྲོས་ཡོང་གི་ཡོད་པ་ལས་རྒྱ་ལོའི་བཀའ་དྲིན་ལ་བརྟེན་ནས་ལྷོད་ལྷོད་བྱས་ནས་ཡོང་རྒྱུའི་གོ་སྐབས་ཡོད་པ་མ་རེད།
རྒྱ་ལོས་གསོས་ཕྲུག་རྒྱ་རི་བློ་གྲོས་ཡང་དེང་སྐབས་ཁོའི་སེམས་ནང་གི་མི་དགའ་ས་ཆེ་ཤོས་དེ་ཆགས་ཡོད་པ་རེད། གང་ལྟར་རྒྱ་ལོས་མི་ཚེ་གང་ལ་ཅིག་བྱས་བསྡད་ཀྱང་འདྲ། ཁོང་ཕ་བུ་གཉིས་ཀྱིས་རྒྱ་མོ་རེ་ལ་རྒྱོ་རྒྱག་རྒྱུ་ཙམ་ལས་འཇོན་ཐང་ཆེ་བ་ཡོད་པ་ནི་ངས་མི་ཤེས། གང་ལྟར་འཇུ་ཆེན་དང༌། རྒྱ་ལོ་ལྟ་བུའི་མི་རྒན་འདི་དག་གིས་བོད་མི་རིགས་ལ་ཕན་ཐོགས་ཤིག་བསྒྲུབས་ཡོད་པ་གོ་མ་མྱོང་ལ། ད་དུང་ཡང་ཡར་དཀྲུག་མར་དཀྲུག་བྱེད་པ་ལས་སྡོད་ས་ནས་སྡོད་ཤེས་ཀྱི་མི་འདུག

 
2009.09.04 13:05:29
ལྷ་སྨོན་པ་སྐད་ཆ་དེ་འདྲ་ཞིག་རྒྱ་ལོ་དོན་གྲུབ་ཀྱིས་བཤད་ཡོད་ཚོད་མ་རེད། ཁོང་སྨྱོས་ནི་ཡོད་པ་མ་རེད། ང་གཏན་ནས་ཡིད་ཆེས་ཐུབ་ཀྱི་མི་འདུག

 
2010.11.29 17:29:10
quest
ཨོ་་་ད་དེ་འདྲ་ཡིན་སྲིད་རྒྱུ་མ་རེད། དངོས་གནས་རྒྱ་མིས་བཞག་པའི་གྲོས་ཆོད་གཅིག་རེད། མ་གཏོགས་བོད་ལ་ཤ་ཞེན་ཡོད་པའི་མི་ཞིག་གི་ཁ་ནས་དེ་ལྟར་ཐོན་མི་སྲིད།

 
2010.11.29 17:36:54
quest
རྒྱ་ལོས་དེ་ལྟར་གསུང་རྒྱུའི་གྲ་སྒྲིག་བྱེད་པ་ལ་རྒྱུ་མཚན་གང་ཡོད་དམ།

 
2011.09.26 23:28:56
quest
ཁུངས་ལུང་མེད་པའི་ཟིན་ཐོ་འདི་འདྲ་སྤེལ་བས་མི་དག་གི་སེམས་ངོ་ནས་བྱས་རྗེས་ཅན་གྱི་མི་བུ་གང་མང་ཞིག་བྱུང་བ་དག་ཅི་ཡིན་འདི་ཡིན་མེད་པར་འཇིག་བཞིན་ཡོད་པ་རེད། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་དང་། བོན་པོའི་སྤྱི་འཐུས་དེ་གཉིས་ཀྱིས་ཀྱང་ཅིག་གོ་སོང་མདོག་མདོག་བྱེད་བཞིན་ཡོད་པ་འདྲ། ངོ་མ་དགོད་སྤྱད་རེད། བོད་མི་མང་གི་སྤྱི་འཐུས་ཤིག་ཡིན་པའི་ཁུལ་རེད། དེ་འདྲ་དོགས་པ་ཞིག་ཡོད་ན་བཀའ་ཟུར་ཚོ་ལ་སྐད་ཆ་དྲིས་དང་། མི་བཤད་ན་མི་བཤད་པའི་རྒྱུ་མཚན་དང་། བཤད་ཡོད་ན་ཡོད་པ་དེ་འགོད་རོགས་གྱིས་དང་དོན་དག་འགྲུབ་སོང་བ་མ་རེད་པས། སྲང་བར་དང་ཁྲོམ་གྱི་སྐད་ཆ་དག་ལ་རྒྱུས་ལོན་ཙམ་ཡང་མེད་པར་ད་དུང་རང་གི་བསམ་ཚུལ་འཆད་ཀྱིན་ཡོད་པ་རེད། འདི་འདྲ་ཞིག་ཡིན་པས་ན་ནིང་སྤྱི་འཐུས་ནང་གི་རྙོག་ཁྲ་དེ་དག་ཀྱང་ལྷག་པ་རེད། ཆབ་སྲིད་པ་ཞིག་ཡིན་ན་དེ་ལ་མིའི་ཀུན་སྤྱོད་དང་ཤེས་ཡོན་པའི་བསམ་བློའི་ངོས་ནས་བལྟས་ན་འགྲིག་མ་འགྲིག་གི་ཕྱོགས་རེ་ཡོད་ངེས་མོད། སྐུ་ངོ་རྒྱལ་ལོ་དོན་འགྲུབ་ལྟ་བུ་མི་ཚེ་གང་བོར་བོད་མི་རིགས་ལ་ཞབས་འདེགས་བླ་མེད་བསྒྲུབས་པའི་མི་བུ་འདི་འདྲ་ཞིག་ལ་གཞི་མེད་སྐུར་འདེབས་འདི་འདྲ་གནང་བར་ཞིབ་འཇུག་མེད་པར་སྤྱི་འཐུས་ཀྱི་མིང་ཐོག་ནས་ངན་རོགས་བྱེད་པ་ནི་བློ་ཕམ་པ་ཞིག་རེད། ཁྱེད་གཉིས་ཀྱི་བསམ་བློའི་ཆ་ལ་ད་དུང་མ་དག་མང་དག་ཅིག་ཡོད་པ་མིན་ན་དོན་དག་འདི་འདྲར་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་རོགས་ཅེས་སྤྱི་འཐུས་གཉིས་ལ་སྨྲོས་པ་ཡིན། གཞན་དྲ་རྒྱ་འདིའི་སྐུ་ངོ་དྲ་དཔོན་ལ་ཡང་གསལ་འདེབས་ཐེངས་ཤིག་བྱེད་འདོད་པ་ནི། དྲ་འབུ་དང་སྐབས་འཚོལ་བ་དག་གི་དབྱེ་མཚམས་དབྱེ་ཐབས་ཤིག་ལ་བསམ་གཞིགས་གནང་རོགས་ཞེས་འབོད་སྐུལ་ཞུ། ཁོ་བོས་སྒང་གི་རྙོག་ཁྲ་འགོད་མཁན་དེ་ནི་དྲ་འབུ་ཞིག་དང་རྙོག་ཁྲ་བཟོ་མཁན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ལ། དྲ་བདག་གིས་སྟངས་འཛིན་མ་གནང་ན་འདི་དག་ཨེ་ཌིའི་ནད་ཚ་བཞིན་ཁྱབ་བཞིན་ཡོད་པ་རེད།