The Tibet Express Tag: རང་དབང་ཐམས་ཅད་བདེ་བ་དང་།

The Tibet Express

Select Language

བོད་ཡིག繁體中文English
  • Create an account
    *
    *
    *
    *
    *
    Fields marked with an asterisk (*) are required.
  • Search

Tag: རང་དབང་ཐམས་ཅད་བདེ་བ་དང་།

2011.02.17 10:44:21
There are no translations available.

ཉེ་ཆར་ངས་འཛིན་གྲྭའི་ནང་སློབ་ཕྲུག་ཚོར་བོད་སྐད་གཙང་མ་རྒྱག་པ་དང་། བོད་ཡིག་ལེགས་པོ་སྦྱོང་དགོས་ཞེས་བསླབ་བྱ་བརྒྱབ་རྗེས། སློབ་ཕྲུག་ཚོས་བོད་སྐད་གཙང་མ་ཡིན་མིན་ཐེ་ཚོམ་ཙམ་ཡང་ཟ་མ་མྱོང་པའི་ནམ་རྒྱུན་འཚོ་བའི་ནང་བེད་སྤྱོད་བཞིན་པའི་རྒྱ་གར་སྐད་ནས་ལྷད་ཞུགས་པ། དཔེར་ན། འབྲེལ་སྒྲ་ནས་ཁྱོད་ག་ཅེ་ཀློག་དེབ། ངའི་ག་ཅེ་སྟོད་ཐང་ཞེས་ལྷད་ཞུགས་པའི་ག་ཅེ་ཞེས་པ་ཞིག་དང་། ཡང་རྒྱ་གར་སྐད་ནས་རྒྱན་སྡུད་ལ་ལྷད་ཞུགས་པ། དཔེར་ན་ང་པེ་ཡོང་གི་ཡིན། ཁོ་པེ་རྒྱུགས་སྤྲོད་སྐབས་དཔེ་





2010.12.19 13:30:43
There are no translations available.

-----<<མཁས་དབང་བཀྲ་ཤིས་ཚེ་རིང་ལ་ལྟ་ཚུལ། >>-----

ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས།

ཁྱེད་ཀྱི་མཚན་ལ་ཇོ་སྲས་དང་།

མཁས་དབང་ཞེས་དེང་རབས་ཀྱི་ལོ་རྒྱུས་དང་འབྲེལ་བའི་དེབ་ཐེར་ཁག་ཏུ་བཀོད་པ་རབ་ཏུ་མང་།

ངས་བཤད་འདོད་པ་ནི།

 





2010.12.14 10:30:00
There are no translations available.

 

གཅིག་སྒྲིལ་ནི་སྟོབས་ཤུགས་ཡིན། 

དབུས་གཙང་ཁ་འཇམ་ཁོག་དུག།། 

དབུས་པར་ཞེན་ཁོག་དོར་ཏེ།། 

ཆོལ་གསུམ་བོད་རིགས་ཕན་པའི།། 

ཆབ་སྲིད་ལས་དོན་སྒྲུབས་ཤིག།། 





2010.11.18 11:51:45
There are no translations available.

འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དངོས་དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མ་དཔལ་བཟང་པོའི་རྟོགས་པ་བརྗོད་པ་སྐལ་ལྡན་ངེས་ལེགས་འདྲེན་པའི་ཕོ་ཉ།

༄༅། །རྗེ་བཙུན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་གུས་པའི་སྐྱབས་སུ་མཆིའོ།

རྒྱལ་ཀུན་སྙིང་རྗེའི་རང་གཟིགས་གྲུ་འཛིན་མགོན།།

སྨྲ་བའི་ལྷ་མཆོག་ཡེ་ཤེས་མེ་ལོང་འཛིན།།

བདུད་དཔུང་ཅིག་ཅར་འཇོམས་མཛད་གནོད་སྦྱིན་རྒྱལ།།

རིགས་གསུམ་གཅིག་བསྡུས་རྗེ་བཙུན་བླ་མར་འདུད།།





2010.11.17 03:49:19
There are no translations available.

དཔེ་བཤད་སོང་བའི་ངན་ལན།

གདོལ་བོན་ཉམས་ལེན་མཐིལ་དུ་བྱས་ཤིང་ཕྱི་ཤིན་བན་དེའི་ཆ་བྱད་ཅན།།

གནོད་སེམས་དུག་མཚོན་ཁོང་དུ་སྦས་ཤིང་ཁ་ནས་བྱམས་སེམས་དར་ཆེན་སྒྲེང་།།

ལོ་མང་ཁ་ནས་མི་རྟག་རྩོད་ཀྱང་གནད་ལ་འབིགས་པའི་ཉམས་ལེན་དབེན།།

དགེ་བཤེས་ལྷོ་པའི་གཟི་བརྗིད་ཡིན་ལ་ཤཱཀྱའི་བསྟན་ལ་སྲིད་དོན་མེད།།





2010.11.12 07:28:37
There are no translations available.

དབྱངས་གསལ་ལས་མཆེད་པའི་སྙན་དངགས།

ཀ་བ་གདུང་མས་དབེན་པའི་དེང་རབས་ཀྱི་ཁང་བཟང༌།།

ཁ་བ་གངས་ཅན་པ་ཡི་རིག་གཞུང་གི་སློབ་ཆས།།

ག་དུས་ཡིན་ཡང་སློབ་ཕྲུག་ཁྱེད་ཅག་གིས་མ་སྤྱད།།

ང་ཚོའི་སློབ་གྲྭའི་འགྲོ་གྲོན་ཆུད་ཟོས་སུ་འགྲོ་སོང་།།

 





2010.11.07 06:03:20
There are no translations available.

༌༌༌༌༌༌༌༌༌༌༌༌༌དྲ་གྲོགས་ཚོ་བསྐྱར་དུ་བཀླག་དང་འཕྲུ་སྣོན་ཕྲན་བུ་ཞིག་བྱས་ཡོད།

 

 

འཇམ་དཔལ་སྙིང་པོ་རྗེ་བཙུན་ཙོང་ཁ་པའི།།

ལྟ་སྒོམ་སྤྱོད་གསུམ་རིང་ལུགས་རྣམ་པར་དག།

གངས་ལྗོངས་འཛིན་མའི་ཁྱོན་འདིར་གྲགས་པའི་དཔལ།།

སློབ་དཔོན་འཇམ་དབྱངས་གྲགས་པར་གུས་པས་འདུད།

 





2010.10.30 11:57:09
There are no translations available.


བཅུ་པའི་བཅུ་དགུའི་སློབ་ཕྲུག་ཡར་ལངས།

བོད་ཀྱི་མདོ་སྨད་གསར་དུ་སྤེལ་བའི་ཤེས་ཡོན་སྲིད་ཇུས་གསར་པ་དེས།།

ཨ་མདོ་ཡུལ་གྱི་བོད་ཀྱི་སོན་རྩ་ཡར་ལངས་སྐུལ་སློང་རྒྱུ་རུ་གྱུར།།

རྗེས་འབྲེལ་རྒྱལ་ས་པེ་ཅིང་ཆགས་པའི་མི་རིགས་སློབ་གྲྭའི་སློབ་མ་ལངས།།

མི་རིགས་འདྲ་མཉམ་སྐད་ཡིག་རང་དབང་ཁོ་ཚོས་མགྲིན་དབྱངས་གཅིག་ཏུ་འབོད།།





2010.10.05 02:45:31
There are no translations available.

དེང་སང་བཙན་བྱོལ་སྤྱི་ཚོགས་ནང་གསར་འགྱུར་ཆེ་ཤོས་ཤིག་ནི་བལ་ཡུལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་བཀའ་ཁྲི་སྐབས་གསུམ་པ་དང་།  སྤྱི་འཐུས་སྐབས་བཅོ་ལྔ་པའི་འོས་སྒམ་བཙན་འཕྲོག་ཤོར་བ་དེ་རེད།    སྤྱིར་ནས་བོད་པའི་སྤྱི་ཚོགས་སུ་མ་འགྲིག་པའི་ལས་ཀ་ཞིག་ཐོན་ཕྱིན་ཆད་ཉེས་ཁག་འཕེན་ས་ནི་གཉིས་ངེས་པ་རེད།  གཅིག་དེ་རྒྱ་ནག་རེད་ལ་གཉིས་པ་དེ་དོལ་རྒྱལ་ཚོགས་པ་རེད།   ནམ་རྒྱུན་ནས་བཙན་བྱོལ་ནང་གི་མ་འགྲིག་པ་ཐམས་ཅད་ཀྱི་ཉེས་ཁག་ཁོང་གཉིས་ལ་བཙུགས་པ་བརྟེན་བཙན་བྱོལ་ནང་གྲ་མ་འགྲིག་པ་ཡང་མང་རེ་འགྲོ་བཞིན་ཡོད་པ་རེད།





2010.10.02 12:20:13
There are no translations available.

ད་ལྟ་ཅུང་འཕྱི་ཙམ་ཆགས་འདུག་རྒྱ་གར་གྱི་མཚན་མོའི་ཆུ་ཚོད་༡༡ དང་སྐར་མ་༢ རེད། འོན་ཀྱང་བོད་ཀྱི་བང་ཆེན་དྲ་རྒྱའི་ཐོག་དྲ་རྒྱར་གཟིགས་བཞིན་པ་མི་༤༠༠ ཙམ་འདུག་དེར་བརྟེན། འཕྲལ་དུ་མ་ཉལ་བར་ཟིན་བྲིས་འདི་འབྲི་འདོད་བྱུང་། དྲ་གྲོགས་རྣམ་པ་སང་ཉིན་མི་མང་གིས་ཐད་ཀར་འོས་འདེམས་བྱ་རྒྱུའི་བཀའ་བློན་ཁྲི་པ་སྐབས་གསུམ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་སྔོན་འགྲོའི་འོས་བསྡུའི་ཉིན་མོ་གལ་ཆེན་དེར་འཁེལ་ཡོད། དེར་བརྟེན་འོས་ཤོག་བླུག་པའི་སྐབས་འོས་ཤོག་འཕྲོ་བརླག་གམ་རྩིས་མེད་དུ་འགྲོ་རྒྱུའི་ཉེན་ཁ་རེ་ཟུང་ཞིག་ཡོད་པས་དེའི་སྐོར་ལ་ཐུགས་སྣང་ཡོང་ཆེད་གསལ་བཤད་བྱེད་འདོད་བྱུང་། འོན་ཀྱང་ང་སྤྱི་འཐུས་ཀྱི་འོས་གཞིར་ལངས་མཁན་ཞིག་ཡིན་པའི་ཆ་ནས་འོས་ཤོག་རག་ཐབས་ཀྱི་ཆེད་དུ་གཏན་ནས་མིན་པ་དྲ་གྲོགས་རྣམས་ཀྱིས་དེ་ལུགས་ཐུགས་འཇགས་གནང་རོགས།





2010.10.02 08:43:45
There are no translations available.

དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་ཏུ་ཆེས་ཕུལ་དུ་ཕྱིན་པའི་སྐྱེས་བུ་ཆེན་པོ་ཞིག་ལ།

འཛམ་གླིང་ཞི་བདེའི་གཟེངས་རྟགས་ཆེན་མོ་གཟེངས་སུ་བསྟབས།

དུས་དེ་ནས་འཇིག་རྟེན་འདི་ཐོག་ཞི་བདེའི་དེད་དཔོན་ཆེན་པོ་ཞིག་ཏུ་གྱུར།

ཁོང་ནི་རང་རེའི་བླ་ན་མེད་པའི་དབུ་ཁྲིད་ྋ་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་རེད།





2010.09.25 10:51:06
There are no translations available.

ཟུར་ཕུད་ལྔ་པའི་ཤེས་རབ་ལྷ་ལ་མི་ཕྱེད་དད་པས་གུས་བཏུད་དེ།།


འཇིག་རྟེན་ལུགས་དང་མཐུན་པའི་ལྷ་སྒྲུང་ཁོ་བོས་དཔྱད་བརྗོད་ཐུང་ཙམ་བྲིས།།


སྒྲ་དབྱངས་ལྷ་མོ་མཆོད་པར་བྱས་ན་ནོར་རྒྱུན་ལྷ་མོས་ཁྲོ་རབས་ཀྱི།།


རིག་བྱེད་མཁས་པས་བཤད་ལུགས་ཤིག་གིས་འཇམ་དཔལ་དབྱངས་ཀྱང་སྐྱེངས་བར་མཛད།།






2010.09.19 01:23:58
There are no translations available.

 

རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་དུ།།

དུས་བབ་གསར་ཤོག་གི་སྔོན་དུ།།

ཨ་རིའི་གློག་འཕྲིན་གྱི་ནང་དུ།།

བཀའ་བློན་འོས་འདེམས་དེ་བསྒྲགས་སོང་།།





2010.09.17 14:17:20
There are no translations available.

 

ཀ་ཁའི་སྡེབ་སྦྱོར་ལ་སྦྱོངས་ཤིག

ཁ་ཏ་བསླབ་བྱ་ལ་ཉོན་ཅིག

ག་བ་གང་ས་རུ་སླེབས་ཡང༌།

ཚོ་བོད་དོན་དེ་མ་བརྗེད།།





2010.09.14 11:03:46
There are no translations available.

མི་མང་སྐུ་ཚབ་སྤྱི་འཐུས་ལ།།

དམངས་ལ་དུང་ཞིང་ཤེས་འཇོན་དགོས།།

བཀའ་ཁྲིའི་འོས་ཆོས་ཚང་བ་ལ།།

བསམ་བཤད་སྒྲུབ་གསུམ་ཕོད་པ་དགོས།།

 





2010.09.06 10:10:43
There are no translations available.

 

གཞན་གྱི་ཚིག་མཚོན་རང་གི་རྣ་གཟེར་ཚེ།།

གཞན་ལ་ཁྲོ་བར་མི་རིགས་ལས་འབྲས་སོམས།།

བདེ་སྡུག་རྣམ་སྨིན་དགེ་དང་མི་དགེ་ལས།།

སྐྱེས་ཞེས་རྒྱལ་བའི་གསུང་དེ་དྲན་པར་མཛོད།།





2010.08.23 04:11:02
There are no translations available.

ཡངས་ཤིང་རྒྱ་ཆེ་བའི་ནོར་འཛིན་གྱི་ཕ་མཐའ་ནས་འདྲེན་བྱེད་ལ་ཉེ་བར་འཁོ་བའི་བརྙན་པར་ཞིག་དང༌། སྒྲ་འཛིན་རྣ་བའི་བའི་དབང་པོའི་གམ་དུ་སྙན་པའི་གསུང་ངག་ཚིག་གསུམ་མེད་པར་དུས་ཡུན་ཧ་ཅང་རིང་པོ་སོང༌། འདི་ནས་རང་གིས་རང་ལ་ཞིབ་འཇུག་བྱས་དུས། རང་ངོས་ནས་འགལ་ཟླ་ཤོར་བའི་གནས་ཚུལ་ཡ་མ་ཟུང་ཞིག་ལྷག་ཡོད་པ་གང་ཡང་དྲན་གྱི་མི་འདུག ངའི་འདི་ནས་སྐར་ཆ་དང༌། སྐར་མ། ཆུ་ཚོད་དང༌། ཉི་ཞག ཟླ་བ་དང༌། ལོ་རྩིས་ཏེ་ཁྱོད་ཀྱི་སྐད་ངག་དང༌། བཞིན་རས་དྲན་ནས་སྡད་ཡོད། འོན་ཀྱང་ཁྱོད་ནི་ཁྲལ་མེད་ཞིག་སྟེ། སྐད་ངག་ཚིག་གསུམ་ཡང་བཤོད་འདོད་མེད་པའི་རྣམ་འགྱུར་གསར་པ་ཞིག་ཆགས་ཡོད་ཚོད་འདུག
སྐབས་རེ་རང་གི་བསམ་ཚུལ་བཟང་ཕྱོགས་ལ་ཁ་ཕྱོགས་ནས། སྙིང་རྗེ། ས་ཐག་རིང་པོ་ཡིན་པ་དང༌། ཉིན་མཚན་གོ་ལོག་གི་ས་མཐའ་ནས་གསུང་ངག་ཚིག་གསུམ་ལབ་ཡག་ཡང་གོ་སྐབས་ཐུབ་ཀྱི་ཡོད་ཀྱི་མ་རེད་བསམ་ནས། བཟོད་གསན་བྱེད་ཅི་ཐུབ་བྱས། འོན་ཀྱང་མི་ལོའི་ཀྱོག་མཚམས་འདིར། ངས་མི་དང༌། བརྩེ་བ་གཉིས་དབྱེ་བ་ཡང་དག་པ་ཞིག་བྱེད་ན་འདོད། རྒྱུ་མཚན་ནི། གཞོན་ནུའི་ལང་ཚོ། ཤེས་རིག་གི་སྒོ་རྒྱ། དཔལ་འབྱོར་འདུ་འགོད། རྒྱལ་སྤྱིའི་འབྲེལ་ལམ་སོགས་རང་བཞིན་མ་གྲུབ་པའི་ཚིག་སྐམ་བརྩེ་བ་ཟེར་བ་དེ་མི་ཚེ་ཕུང་དུ་འཇུག་མཁན་ཞིག་རེད་འདུག





2010.08.19 22:32:35
There are no translations available.

ཁམས་པའི་རིག་རྩལ་ཚོགས་ཆེན་རྒྱལ་ཐང་དུ་འཚོགས་རྒྱུ་གཏན་ཁེལ་བ།

༢༠༡༠ ༩ ༡༢ ནས ༢༠༡༠ ༩ ༡༦་བར་ ཆབ་མདོ་དང་དཀར་མཛེས་ཡུལ་ཤུལ་བདེ་ཆེན་བཅས་ཁུལ་བཞི་མཉམ་འཛོམས་ཐོག་རྒྱལ་ཐང་དུ་ཁམས་པའི་རིགས་རྩལ་ཚོགས་ཆེན་ཞེས་པའི་སྒྱུ་རྩལ་སྣ་ཚོགས་ཡོད་པའི་ཚོགས་ཆེན་ཞིག་གོ་སྒྲིག་ཞུས་ཡོད་འདུག བོད་རིགས་མཉམ་འདུས་ཀྱི་གོ་སྐབས་འདི་ནི་༢༠༠༨་༣་༡༤་ནས་རྒྱལ་ཡོངས་བོད་རིགས་གནས་ཡུལ་ས་ཁུལ་ཁག་ནང་དུས་ཆེན་རྒྱས་འཛོམས་ཐེངས་དང་པོ་ཡིན་པར་ས་གནས་གོ་སྒྲིག་པས་སྤྱི་བསྒྲགས་སྤེལ་སོང་། ད་རིང་གི་ཚོགས་ཆེན་འདི་ནི་ཁམས་པའི་རིག་རྩལ་ཚོགས་ཐེངས་དྲུག་པ་ཡིན་ཞིང་། གོ་སྒྲིག་ཞུ་མཁན་ཡུན་ནན་ཞིང་ཆེན་བོད་ཁུལ་ལས་དོན་དབུ་ཁྲིད་ཚན་ཁག་ཡིན་པར་རྒྱལ་ཐང་རྫོང་གི་རྒྱ་ཡིག་དྲ་རྒྱ་ནང་བཀོད་འདུག །

 





2010.07.25 09:08:14
There are no translations available.

སྐར་ལྔའི་དར་དམར་མེ་འོབས་ལྷུངས་བའི་ཉམ་ཐག་བོད་མིའི་སྨྲེ་སྔགས་སྒྲ། །
དབུས་འགྱུར་ལྷ་ལྡན་གཞི་མའི་ཁྱོན་ནས་མདོ་དབུས་ཁམས་གསུམ་ཀུན་ཏུ་མཆེད། །
ཕྱིར་སྡོད་བོད་མིས་ལས་འགུལ་སྣ་ཚོགས་རྒྱལ་ཚོགས་ཁྲོམ་ཚོགས་གཞུང་ཚབ་སོགས། །
བོད་དོན་རྒྱབ་སྐྱོར་མི་སྣའི་ལྷན་དུ་ཞུམ་པ་མེད་པར་ཀུན་ཏུ་སྤེལ། །




2010.07.10 09:06:45
There are no translations available.

ཁམས་རྟའུ་ཤོད་ཆེན་ལྗོངས་སུ་ཉ་མཚོ་ཐོས་བསམ་དར་རྒྱས་གླིང་དགོན་པས་གོ་སྒྲིག་འོག་རྟའུ་རྣམ་རྒྱལ་མཆོད་རྟེན་མདུན་ཐང་ཆེན་མོ་རུ་རྟའུ་ཡུལ་དགོན་གཉིས་ཀྱིས་ཉིན་གསུམ་རིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག





2010.06.22 03:49:48
There are no translations available.

རྒྱ་ནག་གི་གསང་བའི་བྱ་སྤྱོད་ཡུལ་ལུང་གཞན་དུ་འཁྱེར་བའི་བརྙན་འཕྲིན་དྲ་བ་འདི་གཟིགས་རོགས།

http://www.youtube.com/v/hek4DOTrAYA&hl=en_GB&fs=1





2010.06.07 04:06:12
There are no translations available.

བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་མཛེས་མའམ་མཛངས་མ་འགྲན་བསྡུར་ཟེར་བ་འདི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བློ་བཟང་དབང་རྒྱལ་ལགས་ནས་མ་བསྐུལ་དང་དབང་ཐོག་ལོ་རེ་བཞིན་རྒྱ་གར་བ་དང་མགོ་སེར་འགས་རོགས་རམ་ལ་བརྟེན་ནས་ད་བར་ཐེངས་༼ 9 ༽ ཙམ་གནང་ཚར་བ་རེད་།




2010.06.04 11:32:23
There are no translations available.

བོད་ཀྱི་རིག་གཞུང་ཞེས་པ་གང་རེད་ཅེས།    བོད།    ལྷ་ཀླུ་གཉན་གསུམ་གྱི་དྲི་བ་དེར་ལན་ཞིག་འབྲི་ན་མི་མང་པོ་ལ་ཕན་ཐོགས་ཡོད་ས་རེད་ཅེས།   བློ་ཉེ་བའི་གྲོགས་པོ་ཞིག་གིས་བསྐུལ་བ་ཕྲན་གྱིས་གལ་ཆེན་དུ་མཐོང་ནས་འབྲི་དགོས་བསམ་ན་ཡང་ལས་ཀའི་དབང་གིས་ནར་འགྱངས་སུ་ལུས། ཡིན་ན་ཡང་དུས་ཚོད་ཆེད་དུ་བཏོན་ཏེ་རང་གི་སེམས་ལ་གང་ དྲན་ཞིག་འདིར་བཀོད་རྒྱུ་ཡིན།   ངས་བྲིས་པ་འདི་ལའང་ཚིག་མ་མཛེས་པ་དང་།   དོན་མི་འབྲེལ་བ་མི་ཉུང་བ་ཞིག་ཡོང་སྲིད་ཀྱང་།





2010.05.29 10:18:06
There are no translations available.

མཛེས་སྒེག་འོད་སྣང་འབུམ་འཕྲོ་བའི།།

ངག་གི་དབང་ཕྱུག་སྒྲ་བརྒྱ་པ།།

བདག་མགྲིན་པད་མོར་ལ་ཞུགས་ཚེ།།

ངག་གི་འདབ་མ་འདི་ན་བཞད།།





2010.05.11 10:40:20
There are no translations available.

བདུན་ཚིགས་བཞི་པའི་བསྔོ་སྨོན།

འབྱུང་བའི་གནོད་འཚེས་ཡུལ་ཤུལ་སྣོད་བཅུད་ལ༎

ལོ་རྒྱུས་མ་གྲགས་པ་ཞིག་བྱུང་བ་འདི༎

སྨྲ་བསམ་བརྗོད་ཡུལ་ལས་འདས་བརྡབ་གསིག་ཅིག།

འཛམ་གླིང་འདི་ཐོག་བྱུང་བ་བློ་ཕམ་གནས༎

ཚེ་སྲོག་ཤོར་བའི་སྤུན་ཟླ་དེ་དག་གི༎

བདུན་ཚིགས་བཞི་པའི་ཉིན་མོ་འདི་ལ་ཡང༌༎

རིགས་སུ་གཏོགས་ཤིང་སྤུན་ཟླར་ངེས་པའི་ཕྱིར༎

ཚིག་གི་མཆོད་པ་འདི་ཡང་བསྐྱར་དུ་འབུལ༎





Page 1 of 5
  • «
  •  Start 
  •  Prev 
  •  1 
  •  2 
  •  3 
  •  4 
  •  5 
  •  Next 
  •  End 
  • »