སྐད་ཡིག་སྒྱུར་ཆས།

༢༠༠༨ ལོའི་ཞི་རྒོལ།

གཞུང་སྒེར་གསལ་བསྒྲགས།

དངུལ་གྱི་འཛའ།

Amount:
From:
To:


ཞལ་འདེབས།

ཟིན་བྲིས་གསར་ཤོས།

བསྡོམས་རྩིས།

ཁོངས་མི། : 206
བརྗོད་གཞི། : 1544
མཛའ་འབྲེལ། : 12
གཟིགས་མཁན། : 780975
ཁྱེད་རང་བོད་ཀྱི་བང་ཆེན་དྲ་རྒྱར་ཕེབས་པར་དགའ་བསུ་ཞུ།
དགུང་ལོ་ཉེར་ལྔའི་འཁྲུངས་སྐར། ཕི་ཌི་ཨེཧཕ། པར་འདེབས། གློག་འཕྲིན།
བཙན་བྱོལ།
ཟླ་འདིའི་ཚེས་༢༦ ནི་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དགུང་ལོ་༢༥ ལ་ཕེབས་པའི་སྐུ་ཡི་འཁྲུངས་སྐར། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་སྲུང་བརྩི་བྱས་སོང་ལ། སྐུ་ཡི་འཁྲུངས་སྐར་ལ་གཞས་ཞབས་བྲོ་སོགས་ཀྱི་གོ་སྒྲིག་གང་ཡང་མེད་པ་དང། དགུང་ལོ་༢༥ ནི་དགུང་སྐེག་ལ་ཁེལ་ཡོད་པས་སྔ་དྲོ་ཕྱག་ཚོད་༧ པའི་ཐོག་རྒྱུད་སྟོད་གྲྭ་ཚང་གིས་བརྟན་བཞུགས་ཕུལ་ཡོད་པ་རེད།
དེ་ལས་མང༌།...
 
གཞས་པ་གྲགས་ཅན་མེཀ་ཁལ་རྗེག་སན་འདས་གྲོངས། ཕི་ཌི་ཨེཧཕ། པར་འདེབས། གློག་འཕྲིན།
རྒྱལ་སྤྱི།

ཕྱི་ཚེས་༢༥ཉིན་ལོ་སི་ཨན་ཇེལ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ནང་འཛམ་གླིང་གི་གཞས་པ་གྲགས་ཅན་མེཀ་ཁལ་རྗེག་སན་འདས་གྲོངས་སུ་གྱུར་ཡོད་པ་རེད། ཁོང་གི་རོལ་དབྱངས་རུ་ཁག་ཚོགས་མི་རཱན་ཌི་རྗེག་སན་གྱིས་བརྗོད་གསལ་ལྟར་ན། ཉིན་གུང་ཙམ་ལ་ཁོང་སྙིང་གི་ཁྲག་རྩ་འགག་ནས་དྲན་མེད་དུ་བརྒྱལ་བ་དང། སྐབས་དེར་མགྱོགས་མྱུར་སྨན་ཁང་དུ་བསྐྱལ་ནས་སྐྱོབ་ཐབས་བྱས་པ་རེད་ཅེས་དང། ཁོང་གི་གཅེན་པོ་ཇེར་མཱན་ནེ་ཡིས་བརྗོད་གསལ་ལ། སྨན་པས་ཆུ་ཚོད་གཅིག་ཙམ་གྱི་རིང་ལ་དྲན་པ་སོས་ཐབས་ཀྱི་འབད་བརྩོན་བྱས་ཀྱང་གསོན་པོར་གནས་ཐུབ་མ་སོང་ཞེས་བརྗོད་ཡོད་པ་རེད།

དེ་ལས་མང༌།...
 
གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད། ཕི་ཌི་ཨེཧཕ། པར་འདེབས། གློག་འཕྲིན།
བཙན་བྱོལ།

ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་སྐྱེས་ལྷ་ཡུལ་ལྷ་ཟེར་བ་དེ་རྩ་ཆེན་པོར་བརྩིས་ཏེ། སོ་སོའི་སྐྱེ་བོ་དང། འཕགས་པའི་རྣམ་དཔྱོད་ཅན་དབྱེ་བ་ཕྱེ་བའི་རྣམ་དཔྱོད་མེད་ནས། ལྷ་འདྲེ་ཐ་མལ་བ་དེ་འདྲ་བསྟེན་སྡོད་མཁན་ཡོང་གི་འདུག དེ་ནོར་འཁྲུལ་རེད། ྋསྐུ་གོང་མས་རྒྱལ་པོ་ཤུགས་ལྡན་བསྟེན་མཁན་ཚོ་སྐྱབས་འགྲོའི་བསླབ་བྱ་དང་འགལ་གྱི་རེད་གསུངས་པ་དེ་བདེན་པ་རེད། དོལ་རྒྱལ་ལ་ཆ་བཞག་ན་འཇིག་རྟེན་དྲེགས་པ་རེད། དྲེགས་པའི་ནང་ནས་ཀྱང་རྩོད་གཞི་ཅན། ལོ་བཞི་བརྒྱ་ཞིག་ལ་རྩོད་པ་བྱས་ནས་བསྡད་པ་རེད། དེ་ཚོའི་གྲས་ཀྱིས་བོད་ཀྱི་བསྟན་པར་ལྷད་འགྲོ་བ། བསྟན་པ་ཉམས་ཆག་ཏུ་འགྲོ་རྒྱུའི་རྐྱེན་ཆགས་པ་དེ་འདྲ་རེད་ཅེས་ྋགོང་ས་མཆོག་གིས་སྐྱབས་སུ་འགྲོ་བའི་ཡུལ་མ་ནོར་བ་དགོས་སྐོར་གྱི་བཀའ་སློབ་གནང་སོང།

དེ་ལས་མང༌།...
 
བལ་པོའི་འཐུས་མི་དྷ་ས་རུ་ཕེབས་པ། ཕི་ཌི་ཨེཧཕ། པར་འདེབས། གློག་འཕྲིན།
བཙན་བྱོལ།
བལ་ཡུལ་གྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་རྣམས་དྷ་སར་ཕེབས་པ་དང། ཁོང་ཚོས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་རྒྱུ་དང། ད་ལྟ་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོའི་དཀའ་ངལ་སེལ་ཆེད་སོ་སོའི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་རྣམ་པ་དང། དབུས་གཞུང་གི་འགོ་ཁྲིད་ཚོར་ཞུས་ཏེ། བོད་མིའི་དཀའ་ངལ་སེལ་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཡིན་ཅེས་ཟླ་འདིའི་ཚེས་༢༤ ཉིན་གསར་འགོད་གསལ་བསྒྲགས་ཐོག་ཏུ་གསུངས་ཡོད་པ་རེད།
དེ་ལས་མང༌།...
 
བོད་པའི་གློག་བརྙན་ཞིག་ལ་གཟེངས་རྟགས། ཕི་ཌི་ཨེཧཕ། པར་འདེབས། གློག་འཕྲིན།
བོད།
གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༢༠ ཉིན་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་ནང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་༡༢ པ་ཚོགས་པ་དང༌། སྐབས་དེར་བོད་ནང་ནས་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་<<འཚོལ།>>ཞེས་པའི་གློག་བརྙན་ལ་གཟེངས་རྟགས་ཞིག་ཐོབ་ཡོད་པ་རེད།
     གློག་བརྙན་དེའི་ནང་དོན་གཙོ་བོ་གློག་བརྙན་འཁྲབ་ཁྲིད་པ་ཞིག་གི་གཏམ་བརྗོད་ཅིག་གི་ཆེད་དུ་བོད་ལྗོངས་སུ་ལྟད་མོ་འཁྲབ་སྟོན་པ་ཞིག་འཚོལ་ཞིབ་བྱས་པའི་ངང་ཚུལ་བསྟན་ཡོད་པ་དང༌། གློག་བརྙན་འདི་ནི་བོད་ཀྱི་ཟློས་གར་ལ་གཞི་བཅོལ་ནས་རྣམ་ཐར་ནང་དུ་སྲས་དང་སྲས་མོ་གཉིས་འཁྲབ་སྟོན་མི་སྣ་འཚོལ་བའི་བྱུང་རིམ་འཕེལ་རྒྱས་གཙོ་འདོན་བྱས་ཡོད་པ་རེད།
དེ་ལས་མང༌།...
 
བོད་པའི་ཕྲུ་གུས་ཞབས་འདྲེན་ཞུ་ཡི་འདུག་ཟེར་བ་དེ་འདྲ་མ་བྱེད། ཕི་ཌི་ཨེཧཕ། པར་འདེབས། གློག་འཕྲིན།
བཙན་བྱོལ།
ཟླ་འདིའི་ཕྱི་ཚེས་༢༥ ཉིན་ྋགོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་ཉིན་མཐའ་མའི་ཐོག་མཇུག་སྡོམ་གྱི་ཚུལ་དུ་གསུང་དོན། དེ་རིང་ནང་ཆོས་ངོ་སྤྲོད་དེ་ནང་ཆོས་ངོ་འཕྲོད་པ་དང་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་གཙོ་འདོན་བྱས་པ་ཡིན། དཔེ་ཆ་དེ་ཁྱེད་རང་ཚོའི་ལག་པར་ཡོད་སྟབས་དུས་རྒྱུན་དུ་ཀློག་ནས། སོ་སོའི་ཉིན་ཞག་ཕྲུགས་གཅིག་གི་སྤྱོད་ལམ་གོམས་པའི་སྐབས་ལ་དེ་ནས་བསླབ་བྱ་ལེན་པ་དང། ལྷག་པར་དུ་རྐྱེན་ངན་ཡོང་བའི་སྐབས་ལ་དཔེ་ཆ་ཀློག་པ་ཡིན་ན། ཏན་ཏན་སེམས་ཞི་དུལ་ཆེ་རུ་འགྲོ་ཡི་རེད། སེམས་ག་ཚོད་ཀྱིས་ལྷོད་ལྷོད་ཆགས་པ་དེའི་ཚོད་ཀྱིས་སློབ་སྦྱོང་ཡག་ཏུ་འགྲོ་ཡི་རེད། མི་ཚེ་སྐྱིད་པོ་ཡོང་གི་རེད། གྲོགས་པོ་མང་པོ་ཡོང་གི་རེད། སེམས་འཚབ་འཚུབ་དང་རྐྱེན་ཅུང་ཟད་ཙམ་མི་བཟོད་པ་ཞིག་ཡིན་ན་མི་ཚེ་སྐྱིད་པོ་ཡོང་གི་མ་རེད། དེ་འདྲ་ཡིན་དུས་ཆོས་ཀྱི་བསླབ་བྱ་དེས་ཚེ་ཕྱི་མ་ཕན་པ་ཙམ་མ་ཟད། ཚེ་འདི་ཡིན་ཡང་མི་ཚེ་སྐྱིད་པོ་ཡོང་ཐུབ་པ། མི་སྒེར་སོ་སོ་བཟང་པོ་ཞིག་བྱུང་བ་ཡིན་ན་ཁྱིམ་ཚང་གི་ནང་མི་སྐྱིད་པོ་ཡོང་གི་རེད་ཅེས་གསུངས་ཡོད་པ་རེད།
དེ་ལས་མང༌།...
 
གཏེར་ཁ་སྔོག་འདོན་མཚམས་འཇོག་དགོས། ཕི་ཌི་ཨེཧཕ། པར་འདེབས། གློག་འཕྲིན།
བཙན་བྱོལ།
རྒྱ་ནག་གིས་བོད་ནང་དུ་གཏེར་ཁ་སྔོག་འདོན་ཤུགས་ཆེན་བྱས་ཏེ། བོད་ནང་གི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་འགྲོ་བཞིན་ཡོད་ནའང་མུ་མཐུད་བོད་ཀྱི་ས་གནས་གང་སར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྒྲིག་བཞིན་ཡོད་པ་རེད། ད་ལྟ་རྒྱ་ནག་ལ་ཁ་ན་ཌའི་བཟོ་གྲྭ་ཞིག་གིས་རོགས་སྐྱོར་འོག་ལྷ་སའི་ཉེ་འགྲམ་ཏུ་རྒྱ་མ་གྲོང་དུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་ཆེན་པོ་སྒྲིག་བཞིན་ཡོད་པ་དེར། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ས་གནས་གང་སར་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་བཞིན་ཡོད་པ་དང།
དེ་ལས་མང༌།...
 
བོད་མི་ཞིག་ལ་ལོ་གསུམ་གྱི་ཁྲིམས་ཆད། ཕི་ཌི་ཨེཧཕ། པར་འདེབས། གློག་འཕྲིན།
བོད།
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཡུའུ་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཞེས་པའི་འབྲིང་རིམ་མི་མང་ཁྲིམས་ཁང་ནས་བོད་མི་མགོན་པོ་ཚེ་རིང་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པ་དང། ཁོང་ལ་ཕྱི་རྒྱལ་གྱི་མི་དྲུག་ལ་གློག་འཕྲིན་དང། ཁ་པར་བརྒྱུད་ནས་བོད་ནང་གི་ཞི་བའི་ངོ་རྒོལ་སྐོར་གྱི་གནས་ཚུལ་མཁོ་སྤྲོད་བྱས་པ་དང། རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་བཙུགས་ནས་ཁྲིམས་བཤེར་གྱི་འགྲོ་སྟངས་ཁྲིམས་རྩོད་པ་སོགས་གང་ཡང་མེད་པར་ཁྲིམས་ཐག་བཅད་པ་ཞིག་ཡིན་འདུག ༢༠༠༨ ལོར་བོད་ནང་དུ་ཞི་རྒོལ་བྱུང་བ་ནས་བཟུང་རྒྱ་ནག་གཞུང་གིས་ཁ་བྲལ་བའི་ཉེས་མིང་འོག་བོད་ས་གང་སར་ཁྲིམས་ཐག་རྒྱུན་ཆད་མེད་པར་གཅོད་བཞིན་ཡོད་པ་རེད།།
 
དགེ་འདུན་པའི་ཚན་རིག་འགྲེམས་སྟོན་ཐེངས་དང་པོ། ཕི་ཌི་ཨེཧཕ། པར་འདེབས། གློག་འཕྲིན།
བཙན་བྱོལ།
    ཟླ་འདིའི་ཚེས་༢༢ ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་ཉིན་གསུམ་རིང་དགེ་འདུན་པའི་ཚན་རིག་འགྲེམས་སྟོན་ཐེངས་དང་པོ་ཞེས་པ་འཚོགས་ཡོད་པ་དང། དེ་ནི་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང། བོད་ཀྱི་དཔེ་མཛོད་ཁང་གཉིས་མཉམ་འབྲེལ་བྱས་པའི་ཚན་རིག་ཟབ་སྦྱོང་ཐེངས་གཉིས་པ་དེ་ཟླ་བ་གཅིག་ལྷག་རིང་འཚོགས་པའི་མཇུག་བསྡོམས་ལྟ་བུ་ཡིན་པ་རེད། ཚོགས་ཐོག་དེར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང། ཨེ་མོ་རི་གཙུག་ལག་སློབ་གྲྭའི་དགེ་རྒན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས། ཕྱི་རྒྱལ་གྱི་མཁས་དབང་གཉིས་བཅས་ཀྱིས་གསུང་བཤད་གནང་སོང།
དེ་ལས་མང༌།...
 
...
«འགོ་འཛུགས།སྔོན།12345678910འཕྲོས།རྫོགས་སོ།»

ཤོག་ངོས། 1 of 30
Banner