Tibet Express

Select Language

བོད་ཡིག繁體中文English

World History

ཨ་རྫར་བྷའི་ཇན་གྱི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས།

E-mail Print PDF
There are no translations available.


ནུབ་ཨེ་ཤ་ཡའི་ཡུལ་གྲུ་ཨ་རྫར་བྷའི་ཇན་ནི་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་ལ། དེ་ཡང་ཡོ་རོབ་དང་ཨེ་ཤ་ཡའི་མཚོ་གླིང་དབར་དུ་གནས་པའི་ཀའུ་ཀེ་ཤི་སི་ཞེས་པའི་ལྷོ་ཁུལ་རི་རྒྱུད་དུ་ཆགས་པའི་ཡུལ་གྲུ་ཆེ་ཤོས་དང་སྙན་གྲགས་ཀྱང་ཆེ་ཤོས་སུ་བརྩི་བ་རེད། ད་དུང་ཡུལ་དེ་ཤར་ཡོ་རོབ་དང་ནུབ་ཨེ་ཤ་ཡ་སྟེ་ཀེ་སེ་པི་ཡན་སྐྲཎཔྲསྣྲདྲཎརྣ )རྒྱ་མཚོའི་ཤར་རྒྱུད་དང་རྒྱ་མཚོ་ནག་པོའི་བར་གནས་ཤིང༌། བྱང་རྒྱུད་དུ་ཨུ་རུ་སུ། ཤར་ངོས་སུ་ཀེ་སེ་པི་ཡན་རྒྱ་མཚོ། བྱང་ནུབ་ཏུ་རྗོར་ཆི་ཡ་དང༌། ནུབ་ངོས་སུ་ཨར་མི་ནི་ཡ། ལྷོ་ཕྱོགས་སུ་ཨེ་རན་དང་བྱང་ནུབ་ཏུ་ཊར་ཀི་བཅས་ཁེལ་ཡོད། ཡུལ་དེའི་རང་སྐྱོང་མངའ་ཁུལ་ཎག་སེ་ཀི་ཝན་ཞེས་པ་ཊར་ཀི་དང་ས་འབྲེལ་ཡིན། ཡུལ་གྱི་རྙོག་གཞི་ཅན་གྱི་ན་གྷོ་མོ་ནས་ཀ་ར་བྷག་རྫོང་ཐེ་བའི་ཡུལ་དེའི་ལྷོ་ནུབ་ཁུལ་གྱི་རྫོང་ཁག་༧ ཨར་མི་ནི་ཡ་དང་ཨ་རྫར་བྷའི་ཇན་དབར་གྱི་༡༩༩༤ ལོའི་དམག་འཁྲུག་མཇུག་མ་བསྒྲིལ་གྱི་བར་ཨར་མི་ནི་ཡའི་དབང་བསྒྱུར་འོག་ཏུ་གནས། སྐབས་དེར་ཡུལ་དེའི་ས་ཁྱོན་བརྒྱ་ཆ་༡༦ ཙམ་ཤོར་བ་དང༌། དོན་རྐྱེན་དེའི་འོག་དམག་དཔུང་ཐེ་བའི་མི་༦༠༠༠༠༠ མ་ཟིན་ཙམ་ཤི་སྐྱོན་བྱུང་བ་རེད། འོན་ཀྱང་ཨར་མི་ནི་ཡས་ཡུལ་དེའི་ས་ཁུལ་ཁག་ཁྲིམས་འགལ་གྱིས་བཙན་བཟུང་བྱས་ཡོད་པར་བརྟེན་ཨར་མི་ནི་ཡའི་དམག་དཔུང་རྣམས་ཡུལ་དེ་ནས་ཕྱིར་འཐེན་བྱེད་དགོས་པའི་སྐོར་རྒྱལ་ཚོགས་ཀྱི་ངོས་ནས་གྲོས་ཆོད་ཐེངས་༤ བཞག་ཡོད། ཨ་རྫར་བྷའི་ཇན་ནི་ཨ་ཟེ་རི་དང་ཤི་ཡ་ཊིའི་ཁ་ཆེའི་མི་འབོར་མང་ཤོས་དང༌། ཀོ་མན་ཝེལ་ཐི་ཞེས་པའི་ལྷན་ཚོགས་ཁོངས་སུ་༡༩༩༣ ལོར་འཛུལ་ཞུགས་དང༌། ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་སུའང་གཏན་འཇགས་ཚོགས་མི། དེ་བཞིན་རྒྱལ་ཚོགས་དང་བྱང་ཆིངས་དོན་སྒྲིག་འཛུགས་བཅས་སུའང་འཛུལ་ཞུགས་བྱས་ཡོད་པ་རེད། ཡུལ་དེའི་རྒྱལ་ས་དང་གྲོང་ཁྱེར་ཆེ་ཤོས་བྷ་ཀུ་ཞེས་པ་དེ་ཡིན་པ་དང༌། རང་བཙན་ཐོབ་ནས་ལོ་༢ ཀྱི་རྗེས་སུ་སྟེ་༡༩༢༠ ལོར་ཨུ་རུ་སུ་མཉམ་འབྲེལ་གྱིས་བཙན་བཟུང་བྱས། ༡༩༩༡ ལོར་སླར་ཡང་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་པ་དང༌། ༡༩༩༥ ལོར་ཡུལ་དེར་གཞི་ནས་གྲོས་ཚོགས་ལམ་ལུགས་ཀྱི་འོས་བསྡུ་ཐེངས་དང་པོ་དེ་བྱས་ཏེ་རྩ་ཁྲིམས་གཏན་འབེབས་བྱུང་ཡོད་པ་རེད།
ཡུལ་གྱི་བཀོད་པ་དང་རང་བྱུང་ཐོན་ཁུངས།
ཨ་རྫར་བྷའི་ཇན་གྱི་སྤྱིའི་ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་༨༦༦༠༠ཎཏྣསྤྱྤ ༣༣༤༠༠ པྲཔ ནདྲ་ཙམ་ཡོད་ཅིང༌། ཀེ་སི་པི་ཡན་རྒྱ་མཚོའི་ནུབ་རྒྱུད་ཀྱིས་ཀི་ལོ་མི་ཊར་གྲུ་བཞི་མ་༨༠༠ ཡོད་པའི་ཡུལ་དེའི་ཤར་ཕྱོགས་ཀྱི་མཐའ་མཚམས་ཆ་ཚང་ཁེབ་ཡོད་ཅིང༌། དེ་ཀའུ་ཀེ་ཤི་སི་རི་རྒྱུད་ཆེན་མོ་དང་ཡུལ་དེའི་གངས་རི་མཐོ་ཤོས་སམ་མཐོ་ཚད་ཧཕི་ཊི་༡༤༦༩༨ ཡོད་པའི་གངས་རི་བྷ་ཟར་དྷུ་ཟི་ཞེས་པས་ཨུ་རུ་སུ་དང་རྒྱལ་མཚམས་ཀྱི་དབྱེ་བ་ཕྱེས་ཡོད། དེ་བཞིན་ནུབ་རྒྱུད་དུ་གངས་རི་མང་པོ་ཡོད་པ་རེད། ཀེ་སི་པི་ཡན་རྒྱ་མཚོའི་རྒྱ་རྒྱུད་ནས་ཡུལ་དེའི་ས་བབ་དམའ་བའི་ཆུའི་ཐོན་ཁུངས་ཆགས་ཀྱི་ཡོད་ལ། གཞན་ཡང་ཆུའི་ཐོན་ཁུངས་གཙོ་བོ་གཉིས་ཡོད་པ་སྟེ་གཙང་པོ་བྷ་སིན་སི་ནས་གཙང་པོ་ཀུ་ར་དང་ཨ་ར་སི་གཉིས་ཡུལ་དེའི་དབུས་བརྒྱུད་རྒྱུག་གི་ཡོད་པ་དང༌། གཙང་པོ་དེ་གཉིས་ཊར་ཀིའི་བྱང་ཤར་གྱི་གངས་རི་ནས་ཆད་པ་རེད། ཀུ་ར་གཙང་པོ་ཡུལ་དེ་ནས་རྗོར་ཆི་ཡར་དང་དེ་ནས་རིམ་གྱིས་ཀེ་སི་པི་ཡན་རྒྱ་མཚོར་འབབ་ཀྱི་ཡོད། གཙང་པོ་ཨ་ར་སི་ཞེས་པས་ཡུལ་དེའི་ལྷོ་ངོས་དང་ཨེ་རན་གྱི་མཐའ་མཚམས་བཟོ་བ་དང༌། དེ་ནས་ཡུལ་གྱི་ལྷོ་དབུས་དང་རིམ་པས་ཀུ་ར་གཙང་པོ་དང་འབྲེལ་ནས་ཀེ་སི་པི་ཡན་རྒྱ་མཚོར་བབ། དེ་བཞིན་ས་མུར་གཙང་པོ་ཡུལ་གྱི་བྱང་ཤར་ཁུལ་དུ་རྒྱུག་གི་ཡོད་པ་རེད། ཡུལ་གྱི་ནགས་ཚལ་གྱི་བརྒྱ་ཆ་༡༡ བེ་ཤིང་དང་སིས་རིས་ཤིང༌། ཐང་ཤིང་ཡིན་པ་དང༌། སིས་རིས་ཤིང་ཡོད་སའི་ཤིང་ནགས་སུ་རི་དྭགས་དང་གཅན་གཟན་མང་པོ་ཡོད་ལ། དེ་ཡང་དོམ་དང་ཤྭ་བ། གཡི། སྟག་སོགས་ཡོད་ཅིང༌། དེ་བཞིན་དུག་སྦྲུལ་དང་རྩངས་པ་ཁ་རལ་སོགས་ཀྱང་ཡོད་པ་རེད། གཞན་ཡང་ས་ཁུལ་མང་པོ་ཞིག་ལ་དགོ་བ་དང་ཁྱི་སྤྱང་མང་པོ་ཡོད། རང་བྱུང་ཐོན་ཁུངས་སྣ་ཚོགས་ཀྱིས་ཕྱུག་ཅིང༌། གཙོ་བོ་ཀེ་སི་པི་ཡན་རྒྱ་མཚོ་ནས་ཐོན་པའི་འདུལ་སྦྱོང་མ་བྱས་པའི་སྣུམ་གྱི་ཐོན་ཁུངས་ཧ་ཅང་བཟང་བ་དང༌། ད་དུང་ལྕགས་རིགས་དང་ཧ་ཡང༌། ཟངས། ཞ་ཉེ། ཏི་ཚ། རྡོ་ཞུན། ཚྭ་སོགས་ཀྱི་ཐོན་ཁུངས་ཀྱང་ཧ་ཅང་མང་པོ་ཡོད། ཁོར་ཡུག་གི་གནད་དོན་ནི་རྒྱལ་སྤྱིའི་ངོས་ནས་ཛ་དྲག་ཅིག་ཏུ་བརྩི་བ་དང༌། དེ་ཡང་དུས་རབས་༡༩ ནས་འགོ་འཛུགས་བྱུང་བ་ནི་ཨུ་རུ་སུའི་རྒྱལ་རྒྱུད་ཚོས་དབང་བསྒྱུར་བྱས་པ་ནས་སྣུམ་སོགས་ཀྱི་གཏེར་ཁ་སྔོག་འདོན་བྱས་པ་བཅས་ཀྱིས་ཁོར་ཡུག་གནོད་སྐྱོན་ཆེན་པོ་ཐེབས་ཡོད་ལ། ཡང་ཡུལ་དེར་༡༩༨༠ ཡས་མས་སུ་ཨུ་རུ་སུ་དམར་པོས་ཀྱང་རྡུལ་ཕྲན་རྫས་སྦྱོར་སོགས་བེད་སྤྱོད་བཏང་བ་དང༌། ལྷག་པར་དུ་ཕྱིས་སུ་འཕྲུལ་རིགས་བཟོ་ལས་ཁང་འབོར་ཆེན་རྒྱ་བསྐྱེད་དང་ས་རི་སྔོག་འདོན་བཅས་ཀྱིས་ཁོར་ཡུག་གཏོར་སྐྱོན་ཚབས་ཆེན་བཏང་ཡོད།
མི་འབོར་དང་མི་རིགས།
ཡུལ་དེ་ནི་ཀའུ་ཀེ་ཤི་སི་ཞེས་པའི་རི་རྒྱུད་དུ་གནས་པའི་རྗོར་ཆི་ཡ་དང་ཨར་མི་ནི་ཡ་སོགས་ལས་མི་འབོར་ཧ་ཅང་མང་བ་དང༌། མི་འབོར་དེ་ཡང་༢༠༠༦ ལོར་བསྡོམས་བརྩི་བྱས་ན་༧༩༦༡༦༡༩ ཡིན་པ་དང༌། ས་ཁྱོན་ཆ་བགོས་བྱས་ཚེ་མི་༩༢ རེར་ས་ཁྱོན་ཀི་ལོ་མི་ཊར་གཅིག་རེ་ཐོབ་པ་དང༌། མི་འབོར་གྱི་བརྒྱ་ཆ་༥༠ གྲོང་ཁྱེར་ཁག་དང་བརྒྱ་ཆ་༥༠ གྲོང་གསེབ་ཁག་ཏུ་གནས་ཡོད། རྒྱལ་སའི་མི་འབོར་༡༨༣༩༨༠༠ དང༌། གྲོང་ཁྱེར་གྷན་ཀའི་མི་འབོར་༣༠༣༡༠༠ དང༌། གྲོང་ཁྱེར་སུམ་གྷ་ཡི་ཊི་ཞེས་པའི་མི་འབོར་༢༩༠༧༠༠ ཡིན། ཕོ་མོ་དབྱེར་མེད་ཐོག་མིའི་ཚེ་ཚད་ལོ་༦༣་༩ བར་ཡིན་ལ། མི་༧༩ འདས་གྲོངས་སུ་འགྲོ་སྐབས་མི་༡༠༠༠ སྐྱེ་ཡི་ཡོད་པ་རེད། མི་མང་ཤོས་ཨ་ཟེ་རི་སི་ཞེས་པའི་མི་རིགས་དེ་ཡིན་ཞིང༌། ༡༩༨༨ ལོར་དམག་འཁྲུག་གི་རྗེས་སུ་ཨར་མི་ནི་ཡའི་མི་རིགས་གྲངས་ཉུང་མི་རིགས་སུ་གྱུར་པ་དང༌། གང་ལྟར་༡༩༩༠ ཡས་མས་སུ་བསྡོམས་བརྩིས་བྱས་པ་བརྒྱུད་ཨ་རྫར་བྷའི་ཇན་ནི་སི་ཞེས་པའི་མི་རིགས་དེ་ཡུལ་དེའི་མི་འབོར་དུ་བརྒྱ་ཆ་༩༠ ཡིན་ཡང་ནང་འཁྲུག་དང་དམག་འཁྲུག་གི་རྐྱེན་པས་བརྒྱ་ཆ་༨༠ བར་མར་ཆགས་ཡོད་ཅིང༌། འོན་ཀྱང་༡༩༩༡ ལོར་ཨུ་རུ་སུའི་དམར་པོའི་གཞུང་འཐོར་ཞིག་སོང་རྗེས་ཨུ་རུ་སུའི་མི་རིགས་དང་སི་ལབ་པི་སི་ཞེས་པའི་མི་རིགས་འཕེལ་རྒྱས་བྱུང་བ་དང༌། ཌ་གྷེ་སི་ཏན་ནི་སི་དང་ཨུ་རུ་སུའི་མི་རིགས་དེ་དག་ནི་ཡུལ་དེའི་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཆེ་ཤོས་དེ་ཡིན། ཡེ་ཤེས་ཆོས་བཟང་གིས་ཕབ་བསྒྱུར་བྱས།
སྐད་ཡིག་དང་ཆོས་ལུགས།
གོང་ཞུས་ལྟར་ནང་འཁྲུག་དང་དམག་འཁྲུག་གི་རྐྱེན་པས་ཡུལ་དེའི་མི་འབོར་བརྒྱ་ཆ་༩༠ ནས་༨༠ བར་ཉུང་དུ་ཕྱིན་ཡོད་ཀྱང༌། ཨུ་རུ་སུར་དམར་ཤོག་འཐོར་ཞིག་སོང་བ་དེས་མི་འབོར་ཇེ་མང་དུ་འགྲོ་བར་ཤུགས་རྐྱེན་ཐེབས། གཞུང་འབྲེལ་སྐད་ཡིག་ནི་ཨ་རྫར་རི་ཞེས་པ་དེ་ཡིན་ལ། སྐད་ཡིག་དེ་ནི་ཊར་ཀིའི་སྐད་ཡིག་ལས་ཆད་པ་ཞིག་དང༌། སྐད་ཡིག་གཞན་ཨུ་རུ་སུ་དང་ཨར་མི་ནི་ཡན་སོགས་བེད་སྤྱོད་གཏོང་མཁན་ཡང་མང་པོ་ཡོད། འོན་ཀྱང་ཨ་རྫར་རི་ཞེས་པ་དེ་ཡང་སྤྱིར་ཨ་རབ་ཀྱི་གསུང་རབས་ལས་དར་རྒྱས་བྱུང་བ་དང༌། ༡༩༢༠ ལོ་ཡས་མས་སུ་ཡུལ་དེར་རོམ་ཆེན་མོའི་སྐད་ཡིག་སྟེ་ལ་ཊིན་སྐད་ཡིག་འཕེལ་རྒྱས་བྱུང་མྱོང་ཡོད་ཅིང༌། ༡༩༣༩ ལོར་ཨུ་རུ་སུའི་ལམ་ལུགས་ལྟར་གྷི་རིག་གི་སྐད་ཡིག་ངོ་སྤྲོད་བྱས་པ་དང༌། ཕྱིས་སུ་ཨུ་རུ་སུ་ནས་རང་བཙན་ཐོབ་རྗེས་ཡུལ་དེའི་གཞུང་གིས་ཊར་ཀིའི་ལམ་སྲོལ་ལྟར་གྱི་ལ་ཊིན་སྐད་ཡིག་བེད་སྤྱོད་བྱེད་རྒྱུའི་གཏན་འབེབས་གནང་སྟེ་ཨུ་རུ་སུའི་ལམ་སྲོལ་ལྟར་གྱི་གྷི་རིག་གི་སྐད་ཡིག་བེད་སྤྱོད་གཏོང་རྒྱུར་མཚམས་འཇོག་བྱས་པ་རེད། ཡུལ་དེའི་ཆོས་ལུགས་ནི་ཨ་རྫར་བྷའི་ཇན་གྱི་ལམ་སྲོལ་ལྟར་གྱི་ཁ་ཆེ་ཡིན་པ་དང༌། དེ་ཡང་དུས་རབས་༧ པར་གསར་གཏོད་བྱས་པར་གྲགས། ཡུལ་དེའི་གཞུང་འབྲེལ་ཁ་ཆེའི་ཆོས་ལུགས་ནི་སྤྱིར་ཁ་ཆེའི་ཆོས་ལུགས་གསར་པའི་ཡན་ལག་གཙོ་བོ་གཉིས་ལས་ཤི་ཡ་ཁ་ཆེའི་ཆོས་རྒྱུད་དུས་རབས་༦ པ་ནས་དར་རྒྱས་བྱུང་བ་རེད། འོན་ཀྱང་ཨུ་རུ་སུས་བཙན་འཛུལ་ལ་བརྟེན་ནས་ཆོས་ཀྱི་དབུ་ཁྲིད་རྣམས་རྡུང་རྡེག་དང་དམར་གསོད་བཏང་བ། ལྷ་ཁང་རྣམས་གཏོར་བཤིག་དང་སྒོ་བརྒྱབ་པ་སོགས་ང་ཡ་བའི་ལོ་རྒྱུས་དང༌། མི་མང་གི་ངོས་ནས་ཀྱང་ཆོས་ཉམས་ལེན་བྱེད་མི་ཆོག་པ་སོགས་དམ་དྲག་ཆེན་པོ་བྱས་ཡོད་པ་རེད། འོན་ཀྱང་༡༩༨༠ ལོ་ཡས་མས་སུ་སླར་ཡང་ཆོས་དད་རང་དབང་ཐོབ་སྟེ་ལྷ་ཁང་ཉམས་གསོ་དང་ཆོས་ལུགས་དམ་དྲག་གི་སྲིད་བྱུས་ཁག་མེད་པར་གྱུར།
ཤེས་ཡོན་སྲིད་བྱུས་དང་རིག་གཞུང༌།
ཡུལ་གྱི་གཞོན་སྐྱེས་ཕལ་མོ་ཆེ་ཡིག་རྨོངས་ལས་གྲོལ་ཡོད་ཅིང༌། དེ་ཡང་ཨུ་རུ་སུ་མཉམ་འབྲེལ་སྐབས་ནས་ཤེས་ཡོན་སྲིད་བྱུས་ཀྱི་གཏན་འབེབས་ཀྱིས་རྒྱལ་ཡོངས་སུ་ཤེས་ཡོན་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་པ་བྱུང་བ་རེད། གཞོན་སྐྱེས་རྣམས་ཀྱིས་གཞི་རིམ་ནས་ལོ་དང་པོ་༨ ཀྱི་རིང་ངེས་པར་དུ་སློབ་གྲྭར་བསྐྱོད་དགོས། འོན་ཀྱང་ཕལ་ཆེ་བས་ལོ་༡༠ རིང་གཞི་རིམ་སློབ་ཚན་ཁག་ལ་སློབ་གཉེར་བྱེད་ཀྱི་ཡོད་ཅིང༌། ཡང་མང་པོ་ཞིག་གིས་མཐོ་སློབ་ཏུ་མ་བསྐྱོད་གོང་མུ་མཐུད་འབྲིང་རིམ་སློབ་གྲྭ་ཁག་ཏུ་སློབ་གཉེར་བྱེད་ཀྱི་ཡོད།
བྷ་ཀུ་གྲོང་ཁྱེར་ནི་ཡུལ་དེའི་མཐོ་རིམ་སློབ་གྲྭ་ཁག་དང་གཙུག་ལག་མཐོ་སློབ་བཅས་ཀྱི་རྟེན་གཞི་ལྟ་བུ་ཆགས་ཡོད་པ་དང༌། དེ་ཡང་༡༩༡༩ ལོར་བཙུགས་པའི་བྷ་ཀུ་མངའ་སྡེ་མཐོ་སློབ་དང༌། དེ་རྗེས་༡༩༥༠ ལོར་བཙུགས་པའི་ཨ་རྫར་བྷའི་ཇན་འཕྲུལ་རིག་མཐོ་སློབ་དང༌། དེ་བཞིན་༡༩༢༠ ལོར་གསར་དུ་བཙུགས་པའི་ཨ་རྫར་བྷའི་ཇན་རྡོ་སྣུམ་གཙུག་ལག་སློབ་གཉེར་ཁང་སོགས་སྙན་གྲགས་ཆེ་བའི་གྲས་སུ་ཚུད་ཡོད་པ་རེད། ཡུལ་དེའི་མི་འབོར་ནས་བརྒྱ་ཆ་༩༩་༦ ཡི་གེ་འབྲི་ཀློག་ཤེས་ཀྱི་ཡོད་པ་དང༌། དེ་ཡང་ཕོ་བརྒྱ་ཆ་༩༩་༧ དང་མོ་བརྒྱ་ཆ་༩༩་༦ ཡིན། རྒྱལ་ཁབ་ཀྱི་ལོ་རེའི་རྒྱལ་ཡོངས་ཐོན་བསྐྱེད་རྩ་འབོར་ནས་བརྒྱ་ཆ་༣་༤ ལྷག་ཤེས་ཡོན་གྱི་ཐོག་འགྲོ་གྲོན་བཏང་བ་དང་སློབ་མ་༡༥ རེར་ཆ་སྙོམས་དགེ་རྒན་རེ་ཐོབ་ཀྱི་ཡོད་པ་རེད། ཡུལ་དེ་ནི་རིག་གཞུང་གིས་ཕྱུག་པའི་རྒྱལ་ཁབ་ཅིག་ཡིན་པ་དང༌། རིག་གཞུང་གི་ལྟེ་གནས་ཁང་ཆེ་ཤོས་བྷུ་ཀུའི་གྲོང་ཁྱེར་དུ་རྟེན་གཞི་བྱས་ཡོད་ཅིང༌། དེ་བཞིན་ཁུལ་དེར་ཤིར་ཝན་ཤག་ཅེས་པའི་རྒྱལ་ཁབ་ཀྱི་འགྲེམས་སྟོན་ཁང་ཞིག་ཡོད་པར་གནའ་བོའི་བཙན་པོ་རྣམས་ཀྱི་སྐབས་སུ་དམག་དཔུང་གི་གོ་ཁྲབ་དང་མཚོན་ཆ། དེ་བཞིན་བཟོ་བརྐོས་བརྒྱབ་པའི་ཕོ་བྲང་དང་གནའ་བོའི་ཁང་ཆེན་ཁག་གི་བཟོ་དབྱིབས་འདྲ་མིན་མཐོང་རྒྱུ་ཡོད་ལ། ད་དུང་གནའ་བོའི་རྩོམ་རིགས་དང་གསུང་རབས། ཡིག་རྙིང་རིགས་ཀྱི་འགྲེམས་སྟོན་ཁང་གལ་ཆེན་པོ་གཞན་ཞིག་ཡོད་པ་རེད། གནའ་བོའམ་སྲོལ་རྒྱུན་གྱི་རིག་གཞུང་རྣམས་ཊར་ཀི་ནས་ཆད་པ་དང༌། དུས་རབས་༡༩ ནས་ཨུ་རུ་སུའི་རྒྱལ་རྒྱུད་ཚོའི་མངའ་འོག་ཏུ་འགྱུར་སྐབས་ནས་ཡུལ་དེར་མཁས་དབང་དང་སྙན་ངག་པ་གྲགས་ཅན་ཨ་བྷ་སི་ཁོ་ལི་ཨ་གྷ་ཟེར་བས་ཨ་རྫར་རི་ཞེས་པའི་སྐད་ཡིག་གསར་གཏོད་ཀྱིས་སློབ་གྲྭ་གསར་འཛུགས་དང་རྩོམ་རིགས་དར་སྤེལ་ཤུགས་ཆེན་གནང་ཡོད། འོན་ཀྱང་ཨུ་རུ་སུ་དམར་ཤོག་སྐབས་རིག་གཞུང་ལ་ཉམས་ཆག་ཆེན་པོ་ཕྱིན་ཡོད་པ་རེད། སྲོལ་རྒྱུན་གྱི་རོལ་དབྱངས་ནི་ཡུལ་དེའི་མི་མང་ཚོའི་ཉིན་རེའི་འཚོ་བའི་ནང་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་དང༌། དེ་ཡང་ཨ་ཤུག་སི་ཞེས་སྙན་གྲགས་ཆེ་བའི་གཞས་པས་སྲོལ་རྒྱུན་གྱི་གཞས་དང་རོལ་དབྱངས་ཀྱི་གདངས་སྣ་ཚོགས་པ་ཞིག་གསར་གཏོད་གནང་ཡོད་ལ། དེང་དུས་ཡུལ་དེའི་གཞས་པ་གྲགས་ཅན་ཨུ་རྫར་ཟེར་བས་བཏང་གནང་བའི་གཞས་སྣ་ཁག་ཀྱང་རྒྱལ་སྤྱིའི་ཁྲོད་དར་སྲོལ་ཆེན་པོ་བྱུང་ཡོད་པ་རེད།
གཞུང་དང་གྲོས་ཚོགས་ལམ་ལུགས།
ཨ་རྫར་བྷའི་ཇན་ནི་སྲིད་འཛིན་ལམ་ལུགས་ཀྱི་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་པ་དང༌། ད་ལྟ་༡༩༩༥ ལོར་གཏན་འབེབས་གནང་བའི་རྩ་ཁྲིམས་ཀྱི་འོག་གཞུང་འཛིན་སྐྱོང་བྱེད་ཀྱི་ཡོད། དེ་ཡང་༡༩༧༨ ལོའི་རྩ་ཁྲིམས་མ་དཔེ་གཞིར་བཞག་གིས་༡༩༩༡ ལོར་རང་བཙན་ཐོབ་རྗེས་ནས་བཅོས་བསྒྱུར་བཏང་ཡོད་ཅིང༌། མི་སེར་རང་ལོ་༡༨ ལ་སོན་པ་ཡོངས་ཀྱིས་ཆབ་སྲིད་ཀྱི་ཁེ་དབང་ལོངས་སུ་སྤྱོད་ཆོག་པ་དང༌། རྒྱལ་ཁབ་ཀྱི་དབུ་ཁྲིད་སྲིད་འཛིན་དང༌། དེ་ཡང་མི་མང་གིས་ལོ་༥ རེའི་མཚམས་སུ་ཐད་ཀར་འོས་བསྡུའི་ལམ་ནས་འདེབས་ཐོན་བྱེད་དགོས། འཛིན་སྐྱོང་ལྷན་ཁང་གི་སྲིད་བློན་དང་བློན་ཆེན་གཞན་ཁག་གྲོས་ཚོགས་ཀྱི་ཆོག་མཆན་འོག་སྲིད་འཛིན་གྱིས་བསྐོ་བཞག་གནང་གི་ཡོད་ལ། གཞན་ཡང་སྲིད་འཛིན་གྱིས་གྲོས་ཚོགས་ཀྱི་འོས་བསྡུ་ཆེན་མོའི་དུས་ཚེས་གཏན་འབེབས་དང་མཐོ་རིམ་ཁྲིམས་དཔོན་གྱི་འོས་མི་འདེམས་སྒྲུག ལྷག་པར་དུ་རྒྱལ་ཁབ་ཀྱི་རྩ་དོན་དང་འབྲེལ་བའི་གནས་ཚུལ་ཛ་དྲག་གི་རིགས་བྱུང་ཚེ་རྒྱལ་ཡོངས་སུ་ཛ་དྲག་གི་བཀོད་འདོམས་དང་དམག་དཔུང་བེད་སྤྱོད་གནང་རྒྱུའི་འོས་འགན་ཡོད་པ་ཞིག་རེད། གྲོས་ཚོགས་ཀྱི་སྲིད་དབང་ཡོངས་རྫོགས་རྒྱལ་ཡོངས་གྲོས་ཚོགས་ཀྱིས་བཟུང་ཡོད་པ་རེད། ཡུལ་དེའི་གྲོས་ཚོགས་ལམ་ལུགས་ནི་གྲོས་ཚོགས་གཅིག་རྐྱང་པའི་ལམ་ལུགས་་ཡིན་པ་དང༌། དེར་འཐུས་མི་༡༢༥ ཙམ་ཡོད་པ་རྣམས་ལོ་༥ རེའི་ལས་དུས་ཡིན། ཆབ་སྲིད་ཚོགས་པ་ཁག་ནས་འོས་ཤོག་མང་ཉུང་གི་ཆ་ནས་འཐུས་མི་༢༥ དང་གཞན་འཐུས་མི་༡༠༠ རྫོང་རིམ་པ་ཁག་ནས་འདེམས་ཐོན་ཡོང་དགོས་པ་རེད། ཡུལ་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་ཁྲིམས་ལུགས་ཀྱི་དབང་ཆ་མཐོ་ཤོས་ཀྱིས་གཙོས་འཛིན་སྐྱོང་དང་དཔལ་འབྱོར་་ཁྲིམས་ཁང་བཅས་གཙོ་བོ་ཁྲིམས་ཁང་ཆེན་པོ་༣ དང༌། སྲིད་འཛིན་གྱིས་ཁྲིམས་ཁང་དེ་དག་གི་ཁྲིམས་དཔོན་རྣམས་ཀྱི་འོས་མི་འདེམས་སྒྲུག་གིས་གྲོས་ཚོགས་ནང་དངོས་སུ་བསྐོ་བཞག་གནང་དགོས། ཆབ་སྲིད་ཚོགས་པ་ཁག་ནི་ཨ་རྫར་བྷའི་ཇན་ཚོགས་པ་གསར་པ་སྒྱརྐྱངདང་ཨ་རྫར་བྷའི་ཇན་མདུན་བསྐྱོད་ཚོགས་པ་ངཁྲརྐྱདང༌། ཆབ་འབངས་ཆིག་བསྒྲིལ་ཚོགས་པ་སྐྲྔངབཅས་ཡོད། ཡུལ་དེའི་ས་ཁུལ་ཁག་ཆ་བགོས་ཀྱིས་ས་གནས་གཞུང་༧༡ ཡོད་ཅིང༌། རྫོང་ཁག་༥༩ དང༌། གྲོང་ཁྱེར་ཁག་༡༡ ཡོད་པ་རེད། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཆེད་ཨུ་རུ་སུ་དམར་པོའི་འོག་ནས་རང་བཙན་ཐོབ་པ་ནས་དམག་དཔུང་གི་ལམ་ལུགས་གསར་གཏོད་དང༌། ༢༠༠༤ ལོར་ཁྱོན་བསྡོམས་དམག་མི་༥༦༨༤༠ ཡོད་ཅིང༌། དེའི་ནང་མཚོ་དམག་༡༧༥༠ དང་གནམ་དམག་༧༩༠༠ ཡོད། ཕོ་རང་ལོ་༡༨ སོན་པ་རྣམས་ངེས་པར་དུ་ཟླ་བ་༡༧ རིང་དམག་དཔུང་ནང་དུ་ཞུགས་དགོས་པ་རེད། ཡུལ་དེར་སྣུམ་གྱི་གཏེར་ཁ་འབོར་ཆེན་ཡོད་ཅིང༌། དེ་ལ་བརྟེན་ནས་རྡོ་སྣུམ་སོགས་སྣུམ་རིགས་ལྟེ་གནས་ཁག་འཛམ་གླིང་དུ་རྙིང་ཤོས་གྲས་ཡིན་ལ། ཡུལ་གྱི་དཔལ་འབྱོར་གྱི་ཐོན་ཁུངས་གཙོ་བོའང་དེ་ཡིན། སྣུམ་གྱི་ཚོང་འབྲེལ་བྱ་ཡུལ་དེ་ཡང་ཧཕ་རན་སི་དང་ཨི་ཊ་ལི། ཨི་སི་རེལ་དང་ཊར་ཀི། ཨ་རི་དང་དབྱིན་ཡུལ། ཨུ་རུ་སུ། ཀ་ཟ་ཀི་སི་ཐན་སོགས་ཚུད་ཡོད། ༢༠༠༤ ལོར་བསྡོམས་རྩིས་བྱས་པ་ལྟར་ན་ཡུལ་གྱི་ལོ་རེའི་རྒྱལ་ཡོངས་ཐོན་བསྐྱེད་རྩ་འབོར་དེ་ཨ་སྒོར་ཐེར་འབུམ་༨༥ ཡིན་པ་དང༌། ༡༩༩༤ བར་ཡུལ་གྱི་ཤོག་དངུལ་ཨུ་རུ་སུའི་ར་བྷེལ་ཞེས་པ་བེད་སྤྱོད་བཏང་ཡོད་ཅིང༌། ལོ་དེར་ཡུལ་དེའི་ཤོག་དངུལ་གསར་པ་ཨ་རྫར་བྷའི་ཇན་ནི་མ་ན་ཊི་

ཞེས་པ་བཟོས་ཏེ་ཤོག་དངུལ་༤༩༡༣ ལ་ཨ་སྒོར་རེའི་འཛའ་ཐང་ཡིན་པ་རེད།

ཡེ་ཤེས་ཆོས་བཟང་གིས་ཕབ་བསྒྱུར་བྱས།

 

Translate 52

English Afrikaans Albanian Arabic Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician German Greek Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Vietnamese Welsh Yiddish

Currency

Convert   into