༡༽ མཚམས་སྦྱོར་འཛིན་གྲྭ
གཞི་རིམ་འཛིན་གྲྭ་བཅུ་གཉིས་སློབ་ཐོན་ཟིན་པའི་སློབ་མ་རྣམས། འཚུད་རྒྱུགས་བཏང་སྟེ་རྒྱུགས་འཕྲོད་པ་རྣམས་ལ་ས་མིག་ལ་གཞིགས་ཏེ་དམིགས་བསལ་གྱིས་ས་རཱ་མཐོ་སློབ་ཏུ་བོད་ཡིག་རྨང་གཞི་སྲ་བརྟན་ཆེད་ལོ་གཅིག་རིང་སློབ་སྦྱོང་སྤྲོད་རྒྱུ་དང་།
ལོ་གཅིག་རྫོགས་མཚམས་སུ་མཐོ་རིམ་རིག་གནས་འཛིན་གྲྭར་འཚུད་རྒྱུགས་བཏང་སྟེ་རྒྱུགས་ལོན་པ་རྣམས་མཐོ་རིམ་རིག་གནས་འཛིན་གྲྭར་སློབ་འཇུག་བྱ་རྒྱུ་ཡིན། ས་རཱ་མཐོ་སློབ་ཏུ་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་རྒྱ་གར་མཐོ་སློབ་ཁག་ལ་(correspondence course) ཡིག་འགྲུལ་སློབ་སྦྱོང་གི་གོ་སྐབས་དང་མཐུན་འགྱུར་ཡང་ཞུ་བཞིན་ཡོད་པས་མཚམས་སྦྱོར་ཡིག་རྒྱུགས་ལ་ཞུགས་བློ་ཡོད་པ་རྣམས་ནས་གཤམ་འཁོད་ཆ་རྐྱེན་ཚང་བའི་སྙན་ཞུ་ཁག་ ༢༠༡༢། ༣། ༢༥ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་ཡོང་བ་ཞུ།
༡༽ གཞི་རིམ་འཛིན་གྲྭ་བཅུ་གཉིས་ཀྱི་སློབ་ཐོན་ལག་ཁྱེེར་གྱི་འདྲ་བཤུས། ཡིག་རྒྱུགས་སྔོན་ལ་འདི་ལོའི་ལག་ཁྱེར་རག་མེད་ཚེ་སློབ་གྲྭའི་སློབ་སྤྱིའི་དཔང་ཡིག་དང་རྗེས་སོར་རྒྱུགས་འཕྲོད་ནས་མཐོ་སློབ་ལ་དངོས་སུ་ཞུགས་སྐབས་ངེས་པར་དུ་མཉམ་ཁྱེར་བྱས་ཀྱང་འཐུས།
༢༽ སྐྱེས་ལོ་སྐྱེས་ཚེས་ཁ་གསལ་ཡོད་པའི་རང་གི་ལོ་རྒྱུས་དང་ཕྱེད་པར་གཉིས།
༣༽ རང་བཙན་ལག་དེབ་དང་སྐྱབས་བཅོལ་ལག་དེབ་ཀྱི་འདྲ་བཤུས།
༤༽ རང་ཉིད་གང་དུ་སྡོད་སའི་ཁ་བྱང་། གློག་འཕྲིན་ཁ་བྱང་། ཁ་པར་ཨང་གྲངས་བཅས་ཁ་གསལ་ངེས་པར་དུ་དགོས།
༢༽ སྐབས་བཅུ་བཞི་པའི་མཐོ་རིམ་རིག་གནས་སློབ་མ།
གཞི་རིམ་འཛིན་གྲྭ་བཅུ་གཉིས་ཀྱི་ལག་ཁྱེར་ཡོད་མེད་ལ་མ་ལྟོས་པར་བོད་ཡིག་གི་ཤེས་ཚད་གང་འཚམ་ཡག་པོ་ཡོད་ཅིང་། མཐོ་རིམ་རིག་གནས་སློབ་སྦྱོང་བྱེད་རྒྱུར་འདུན་པ་ཡང་ཤུགས་དྲག་ཡོད་པའི་ན་གཞོན་རྣམས་ཀྱི་ཆེད། ཡིག་རྒྱུགས་ལམ་ནས་སྐབས་བཅུ་བཞི་པའི་མཐོ་རིམ་རིག་གནས་སློབ་མ་གསར་བསྡུ་བྱ་རྒྱུ་དང་། རྒྱུགས་འཕྲོད་ཀྱང་ས་རཱ་མཐོ་སློབ་ཏུ་མ་ཚུད་པ་དང་། རང་གི་ལས་ཀ་བྱེད་བཞིན་པའི་ངང་ནས་མཐོ་རིམ་སློབ་སྦྱོང་བྱེད་འདོད་པར་(correspondence course) ཡིག་འགྲུལ་ལམ་ནས་མཐོ་རིམ་རིག་གནས་སློབ་སྦྱོང་བྱེད་རྒྱུར་གོ་སྐབས་ཡོད་པས། སྐབས་བཅུ་བཞི་པའི་མཐོ་རིམ་རིག་གནས་ཀྱི་འཚུད་རྒྱུགས་ལ་ཞུགས་བློ་ཡོད་པ་རྣམས་ཀྱི་སྙན་ཞུ་༢༠༡༢།༣།༢༥འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་ཡོང་བ་ཞུ།
(༢༠༡༣ ནས་མཐོ་རིམ་རིག་གནས་འཚུད་རྒྱུགས་ནང་སྐད་ཡིག་གཉིས་པ་དབྱིན་ཡིག་གམ། རྒྱ་ཡིག་གང་རུང་ཞིག་ལ་རྒྱུགས་སྤྲོད་བྱེད་དགོས་ཀྱང་འདི་ལོར་མི་དགོས་པར་དགོངས་འཇགས་ཞུ)།
༡༽ རང་བཙན་ལག་དེབ་ཀྱི་འདྲ་བཤུས། ༣༽ རང་ཉིད་གང་དུ་སྡོད་སའི་ཁ་བྱང་། གློག་འཕྲིན་ཁ་བྱང་། ཁ་པར་ཨང་གྲངས་ཁ་གསལ་བཅས་ངེས་པར་དུ་དགོས།
Mr.tashi Tsonam,coordinator
College for Higher Tibetan Studies.
P.O Sarah Dharamsala -176215
Ditt Kangra (H.P) India
MB.No 09459752420
www. Ibdindia.org










