There are no translations available.
ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་ཐེངས་ཉེར་དགུ་པ་དེ་ཉིད་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་༢༠༠༨ ལོའི་ཟླ༨ ཚེས་༨ ནས་ཚེས་༢༤ བར་ཉིན་བཅུ་དྲུག་རིང་འཚོགས་པ་དང་དེའི་ནང་དུ་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བ་༢༠༤ ཡི་རྩེད་འགྲན་པ་འཛོམས་ཡོད་པ་རེད། དེའི་ཁྲོད་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་གང་རུང་ཐོབ་མཁན་རྒྱལ་ཁབ་༨༧ བྱུང་བ་དང༌། ལྷག་མ་རྒྱལ་ཁབ་༡༡༧ ལ་རྟགས་མ་གང་ཡང་ཐོབ་མེད་པ་རེད།
དང་པོ། རྒྱ་ནག་ལ་གསེར་གྱི་རྟགས་མ་༥༡ དངུལ་༢༡ ཟངས་༢༨ བསྡོམས་༡༠༠། གཉིས་པ། ཨ་མི་རི་ཀ་ལ་གསེར་༣༦ དངུལ་༣༨ ཟངས་༣༦ བསྡོམས་༡༡༠། གསུམ་པ། ཨུ་རུ་སུ་ལ་གསེར་༢༣ དངུལ་༢༡ ཟངས་༢༨ བསྡོམས་༧༢། བཞི་པ། དབྱིན་ཇི་ལ་གསེར་༡༩ དངུལ་༡༣ ཟངས་༡༥ བསྡོམས་༤༧། ལྔ་པ། འཇར་མན་ལ་གསེར་༡༦ དངུལ་༡༠ ཟངས་༡༥ བསྡོམས་༤༡། དྲུག་པ། ཨོ་སི་ཊུ་ལི་ཡ་ལ་གསེར་༡༤ དངུལ་༡༥ ཟངས་༡༧ བསྡོམས༤༦། བདུན་པ། ལྷོ་ཀོ་རི་ཡ་ལ་གསེར་༡༣ དངུལ་༡༠ ཟངས་༨ བསྡོམས་༣༡། བརྒྱད་པ། ཉི་ཧོང་ལ་གསེར་༩ དངུལ་༦ ཟངས་༡༠ བསྡོམས་༢༥། དགུ་པ། ཨི་ཊ་ལི་ལ་གསེར་༨ དངུལ་༡༠ ཟངས་༡༠ བསྡོམས་༢༨། བཅུ་པ། ཧཕ་རན་སི་ལ་གསེར་༧ དངུལ་༡༦ ཟངས་༡༧ བསྡོམས་༤༠།
ཐེངས་འདིར་རྒྱ་གར་ལ་གསེར་གྱི་རྟགས་མ་གཅིག་དང་ཟངས་གཉིས་བཅས་རྟགས་མ་གསུམ་ཐོབ་ཡོད་པ་དང༌། ཨོ་ལིམ་པིག་སྐབས་སྔོན་མར་ཨ་རི་ལ་གསེར་གྱི་རྟགས་མ་༣༥ དང་དངུལ་༣༨ ཟངས་༢༨ བཅས་བསྡོམས་༡༠༢ ཐོབ་པ་དང༌། རྒྱ་ནག་ལ་གསེར་གྱི་རྟགས་མ་༣༢ དངུལ་༡༧ ཟངས་༡༤ བསྡོམས་༦༢ ཨུ་རུ་སུ་ལ་གསེར་གྱི་རྟགས་མ་༢༧ དངུལ་༢༧ ཟངས་༣༨ བསྡོམས་༩༢ བཅས་ཐོབ་ཡོད་པ་རེད།
ད་ལོའི་ཨོ་ལིམ་པིག་ལུས་རྩལ་འགྲན་འཚོགས་ཐོག་ཆེས་སྐད་གྲགས་ཅན་གྱི་རྩེད་འགྲན་པ་ནི། ཨ་རིའི་ཆུ་རྐྱལ་རྩེད་འགྲན་པ་མེ་ཁལ་ཧཕི་ལིབ་སེ་ལ་གསེར་གྱི་རྟགས་མ་གྲངས་བརྒྱད་ཐོབ་ནས་ཀུན་གྱིས་དགའ་བསུ་བྱེད་ཡུལ་དུ་གྱུར་ཡོད་པ་རེད།།










