གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ནང་གི་བོད་རིགས་མཁས་དབང་བརྒྱ་དང་བརྒྱད་ཀྱིས་རྒྱ་ནག་གཞུང་ལ་བོད་དོན་དང་འབྲེལ་བའི་སྙན་ཞུ་ཞིག་བཏང་ཡོད་པ་དང༌། དེའི་ནང་ྋགོང་ས་མཆོག་ལ་རྒྱ་ནག་གཞུང་གིས་མཚན་སྨོད་ཞུས་པ་བོད་མི་ཡོངས་ལ་མཐོང་ཆུང་བྱས་པ་མཚོན་གྱི་ཡོད་པས་འཕྲལ་དུ་མཚམས་འཇོག་དགོས་པ། འདི་ལོའི་གསུམ་བཅུ་དུས་དྲན་སྐབས་ནས་འཇུ་བཟུང་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་དང༌། གུན་གསབ་སྤྲད་དགོས་པ།
འདི་ལོའི་བོད་ནང་གི་གནས་ཚུལ་ཕྱི་གསལ་ནང་གསལ་གྱིས་གསར་འགོད་པར་བཅར་འདྲིའི་གོ་སྐབས་དགོས་པ། བོད་ནང་གི་མི་མང་ལ་སྨྲ་བརྗོད་རང་དབང་དགོས་པ། ྋགོང་ས་མཆོག་གིས་འཚེ་མེད་ཞི་བའི་ཐོག་ནས་བོད་ལ་ཆབ་སྲིད་དང་དཔལ་འབྱོར་རིག་གཞུང་སོགས་ཀྱི་རང་སྐྱོང་རྩོད་ལེན་གནང་བ་དེར་བོད་མི་ཡོངས་ཀྱིས་རྒྱབ་སྐྱོར་དགོས་སྐོར་སོགས་འཁོད་ཡོད་འདུག དེ་ཡང་དྷ་སར་དམིགས་བསལ་ཚོགས་ཆེན་འཚོགས་པ་དེར་ཕུལ་བའི་དགོངས་འཆར་གྱི་ཆེད་དུ་ཡང་ཡིན་པ་དང༌། ྋགོང་ས་མཆོག་མྱུར་ཏུ་བོད་ལ་ཆིབས་བསྒྱུར་གནང་ཐུབ་རྒྱུར་རེ་འདུན་བཅངས་ཡོད་སྐོར་ཡང་འཁོད་ཡོད་འདུག།










