There are no translations available.
ཕྱི་ལོ་༢༠༠༩ ཕྱི་ཟླ་༧ ཚེས་༨ ཉིནའདོན་ཐེངས༢༣༦ ནང་གནས་ཚུལ་ལ་ཉེ་འཆར་ལ་དྭགས་སུ་ྋགོང་ས་མཆོག་གི་འཁྲུངས་སྐར་སྲུང་རྩི་ཞུས་པའི་ཉིན་དེར་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་བ་ཀརྨ་ཆོས་འཕེལ་ལགས་ཕེབས་ཡོད་པ་ནི་དྲང་པོའི་གནས་ཚུལ་དང༌། ཡིན་ཡང་སྤྱི་འཐུས་དབུ་དཀར་གཡུ་སྒྲོན་ལགས་ལ་དྭགས་ལ་སྐུ་མགྲོན་དུ་ཕེབས་ཡོད་པ་རེད་ཅེས་གནས་ཚུལ་བཀོད་ཡོད་པ་དེ་ནི་རྗུན་སྨྲ་བ་ཞིག་ཡིན་པ་ནི་འབྲེལ་ཡོད་སྤྱི་འཐུས་ལགས་བཀའ་འདྲི་ཞུས་ན་ཁ་གསལ་གནས་ཚུལ་ཐོབ་པ་ཡོང་རྒྱུ་ལས་གནས་ཚུལ་རྗུན་མ་བཀོད་འདོད་མེད། གནས་ཚུལ་འདི་དག་བཅོས་བྱེད་དགོས།
རྩོམ་སྒྲིག་པའི་གསལ་བཤད། གོང་གི་འཕྲིན་ཡིག་འདི་མཚན་དངོས་སུ་མ་བྲིས་པར་གློག་འཕྲིན་ཁ་བྱང་ This e-mail address is being protected from spambots. You need JavaScript enabled to view it འདིའི་ཐོག་ནས་བཏང་འདུག་པ་དང༌། ཡིག་ནོར་རྣམས་ཀྱང་བཅོས་ནས་བཀོད་པ་ཡིན། ཡི་གེ་འདི་གཏོང་མཁན་སུ་ཡིན་མིན་མ་ལྟོས་པར་ཁོང་གིས་ནོར་བཅོས་གནང་བ་འདི་དངོས་ཡོད་གནས་ཚུལ་རེད་འདུག་པས། ཀློག་མཁན་རྣམས་ལ་དགོངས་སེལ་དང་སྦྲགས་ལ་དྭགས་ཀྱི་འཁྲུངས་སྐར་སྐབས་སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་མཆོག་ལས། སྤྱི་འཐུས་དབུ་དཀར་གཡུ་སྒྲོན་ལགས་སྤྱི་འཐུས་ལྷན་ཚོགས་ཀྱིས་ས་བགོས་གནང་བ་ལྟར་ཕེབས་ཐུབ་མི་འདུག་པས། དེ་ལུགས་ནོར་བཅོས་ཡོང་བ་ཞུ་རྒྱུ་དང༌། ནོར་བཅོས་གནང་མཁན་གྱིས་ཐུགས་སྣང་ཆེན་པོའི་ཐོག་ནས་ནོར་བཅོས་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང༌། སླད་ཀྱང་དེ་ལྟར་ནོར་བཅོས་གནང་སྐྱོང་ཡོང་བའི་རེ་བ་ཞུ་བཞིན་ཡོད། བོད་ཀྱི་བང་ཆེན་རྩོམ་སྒྲིག་པས།










