ལྦཱཎ་མཐོ་སློབ། འཇམ་དབྱངས་དོན་གྲུབ།
ང་ཚོས་ནམ་རྒྱུན་དུ་མི་རིགས་རང་ཉིད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུད་འཛིན་བྱེད་དགོས་ཞེས་ཁ་ནས་མ་ཎི་བགྲངས་པ་ལྟར་བརྗོད་ཀྱི་ཡོད། འདི་ནི་མི་ལོ་ལྔ་བཅུ་ལྷག་ཙམ་བཙན་བྱོལ་ལ་གྱར་བའི་མི་ཚེའི་བརྒྱུད་རིམ་ཁྲོད་ནས་ཐོབ་པའི་བོད་མི་ཚོའི་ཉམས་མྱོང་སྤྱི་སྡོམ་ཞིག་ཡིན་ངེས།










