The Tibet Express Opinions Literary ལྷག་དཀར་བསུ་བའི་དུང་བརྡ།

The Tibet Express

Select Language

བོད་ཡིག繁體中文English
  • Create an account
    *
    *
    *
    *
    *
    Fields marked with an asterisk (*) are required.
  • Search

ལྷག་དཀར་བསུ་བའི་དུང་བརྡ།

E-mail Print PDF
There are no translations available.

ལྦཱཎ་མཐོ་སློབ། འཇམ་དབྱངས་དོན་གྲུབ།
ང་ཚོས་ནམ་རྒྱུན་དུ་མི་རིགས་རང་ཉིད་ཀྱི་ཆོས་དང་། རིག་གཞུང་།     སྐད་ཡིག་སོགས་མི་ཉམས་རྒྱུད་འཛིན་བྱེད་དགོས་ཞེས་ཁ་ནས་མ་ཎི་བགྲངས་པ་ལྟར་བརྗོད་ཀྱི་ཡོད།    འདི་ནི་མི་ལོ་ལྔ་བཅུ་ལྷག་ཙམ་བཙན་བྱོལ་ལ་གྱར་བའི་མི་ཚེའི་བརྒྱུད་རིམ་ཁྲོད་ནས་ཐོབ་པའི་བོད་མི་ཚོའི་ཉམས་མྱོང་སྤྱི་སྡོམ་ཞིག་ཡིན་ངེས།

ཁ་གཡང་བརྗོད་པ་ཙམ་གྱིས་དོན་དམ་པའི་ལས་དོན་ལ་ཕན་ཐོགས་མེད་པར་དངོས་སུ་ལག་ལེན་བསྟར་རྒྱུ་ནི་མི་བུ་སྒལ་ཚིགས་ཅན་ཚོའི་བློ་གྲོས་ཀྱི་ཉིང་བཅུད་འབའ་ཞིག་ཡིན་ཞིང་། དེ་ཡང་སྲ་མཁྲེགས་ཅན་གྱི་དངོས་པོ་ཞིག་དང་འདྲ་བར་རྡོག་རྡོག་ཅིག་སྟོན་རྒྱུ་མེད་པར་ཉིན་རེའི་བྱ་གཞག་ཁྲོད་ཀྱི་བྱ་བ་ཆུང་ཙག་ནས་འགོ་རྩོམ་དགོས་ལ།  དེ་ལས་ཁ་གསལ་ཙམ་ཞུས་ན།  ཞོགས་པ་མལ་ནས་ལངས་ཏེ་ངོ་གདོང་བཀྲུ་རྒྱུ་ནས་འགོ་རྩོམ་དགོས་པ་ཞིག་ཡིན།

ལྷག་དཀར་ཞེས་པ་ནི་ཐོག་མར་རྒྱ་གུང་ཁྲན་དམར་པོའི་མེ་མདའི་བཙན་འོག་ན་དཀའ་སྡུག་མྱོང་བཞིན་པའི་གངས་ཅན་པ་ལར་ཞེན་ཅན་འགའ་ཞིག་གི་རྣམ་དཔྱོད་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། རིམ་པས་འདི་ལོའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་ལྷན་དུ་ཧི་མ་ལ་ཡའི་རི་རྒྱུད་བརྒལ་ནས་བཙན་བྱོལ་སྤྱི་ཚོགས་ལ་སླེབས་པ་ཞིག་རེད་སྙམ།   ཉིན་དེར་༧གོང་ས་མཆོག་གི་སྐུའི་བླ་གཟའ་ཡིན་པས།   བོད་རིགས་རྒན་གཞོན་ཕོ་མོ་ཐམས་ཅད་ཀྱིས་ཕྱུ་པ་གྱོན་པ་དང་།   བོད་སྐད་གཙང་མ་བཤད་པ།  བོད་པའི་ཟ་ཁང་ནས་ཁ་ལག་ཟ་བ།   བོད་ཡིག་གི་ཐོག་ནས་རྩོམ་ཡིག་འབྲི་བ་དང་གཞས་ཚིག་རྩོམ་པ་སོགས་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད།  འདི་ནི་ཁག་པོ་མིན་པར་བོད་མི་ཡོངས་ཀྱིས་བྱེད་ཐུབ་པའི་ལས་འགུལ་རླབས་ཆེན་ཞིག་ཡིན་ལ།     བོད་པས་བོད་པ་ངོ་འཕྲོད་ཅིང་བོད་པས་བོད་པར་བརྩེ་བ་འཕར་མ་ཞིག་སླེབས་པའི་ཉིན་ཞིག་ཀྱང་ཡིན།

འདི་ག་ལྦཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ལ་ཆ་བཞག་ན། སློབ་གཉེར་བ་བརྒྱ་ཆ་བདུན་ཅུ་ལྷག་ཙམ་ཧི་མ་ལ་ཡའི་རི་རྒྱུད་དང་། དེ་བཞིན་འབྲུག་དང་སོག་པོ་བལ་ཡུལ་སོགས་ནས་ཕེབས་པ་ཤ་སྟག་ཡིན་ཡང་།   ང་ཚོ་ཚང་མ་རྒྱལ་བའི་བཀའ་དང་བསྟན་འགྱུར་གྱི་གྲིབ་བསིལ་འོག་འཚོ་བཞིན་ཡོད་པའི་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་འཁྲུལ་མེད་ཅིག་ཡིན་པས།  བོད་དོན་ཆེད་ལས་འགུལ་གང་འདྲ་ཞིག་སྤེལ་རུང་།  ཚང་མས་མཉམ་ཞུགས་དང་གཞོགས་འདེགས་བྱེད་རྒྱུ་ནི་དུས་རབས་ཀྱིས་སྤྲད་པའི་གཡོ་མེད་ཀྱི་འགན་འཁྲི་ཞིག་ཏུ་སེམས་ཤིང་ཡོད།      དེས་ན། རེས་གཟའ་ལྷག་པ་ནམ་ཡིན་ལ་ཕྱུ་པ་གྱོན་པའི་ལས་འགུལ་ཞིག་དྲང་སྲོང་ལྷུང་བའི་རི་དྭགས་ཀྱི་ནགས་འདི་ནས་སྤེལ་འགོ་བརྩམས་པ་ཡིན་ལ། སློབ་གཉེར་བ་ཕོ་གསར་ཚོས་ཀྱང་རྒྱལ་སའི་ཁྲོམ་རྭ་ནས་རས་ཆ་ཉོས་ཏེ་ཕྱུ་པ་བཟོ་བའི་ཚ་རླབས་ཤིག་གནས་འདིའི་གནམ་གཤིས་ཀྱི་འགྲོས་དང་བསྟུན་ནས་དགུང་ལ་འཕྱུར་བཞིན་འདུག་པ་ནི།  དངོས་གནས་དགའ་འོས་པ་དང་བསྟོད་འོས་པའི་བྱ་བ་ཞིག་ཅི་ལ་མིན། ད་དུང་ཉིན་དེའི་ཞོགས་པར་གཞུང་གི་ཐབ་ཚང་ནས་མཁོ་སྤྲོད་གནང་བའི་ཞལ་ལག་མ་བཞེས་པར་མར་དང་རྩམ་པར་རོལ་བའི་སྤོབས་པ་དེས་གདོང་དམར་བོད་པ་ཚང་གི་མི་རིགས་ཞེས་པ་འདིར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅི་འདྲའི་མང་པོ་ཞིག་འདུག་ཨང་སྙམ་པའི་ཚོར་བ་ཞིག་ངམ་ངམ་ཤུགས་ཀྱིས་སླེབས་ཀྱི་འདུག།ཁོ་བོས་ཀྱང་དེ་རིང་ཞོགས་པ་བོད་བཟོའི་འོག་འཇུག་དང་ཕྱུ་པ་གྱོན་ཏེ་འཛིན་གྲྭར་ཕྱིན་པ་ཡིན་པས། ནམ་རྒྱུན་དང་མི་འདྲ་བར་གདོང་ལ་སྤོབས་ཉམས་ཤིག་རྒྱས་འདུག་ལ།       སེམས་ནང་དྲོ་སོབ་སོབ་ཀྱི་ཚོར་བ་ཞིག་རང་བཞིན་གྱིས་སླེབས་ཀྱི་འདུག།

འདི་ནི་གཞན་གང་ཡང་མ་ཡིན་པར་བོད་མི་རིགས་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ཀྱིས་བདག་ལ་སྤྲད་པའི་བླ་མེད་ཀྱི་སྤོབས་པ་ཞིག་ཡིན་པ་བསྙོན་དུ་མེད། སྤྱིར་བཏང་ང་ཚོ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་བཤད་རྒྱུན་འདི་འདྲ་ཞིག་ཡོད་དེ།  བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་མང་པོ་ཞིག་ཐོག་མར་ལྦླ་རཱ་ནཱ་སི་ནས་འགོ་བཙུགས་ན་རྟགས་དང་རྟེན་འབྲེལ་བཟང་བ་དང་བཀྲ་ཤིས་དོན་གྲུབ་པ་ཡོང་གི་ཡོད་ཟེར།  དེ་ལྟར་ཡིན་པའི་དབང་དུ་བཏང་ན།      ད་ནས་བཟུང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ནས་གཙོས་ལས་ཁུངས་ཚང་མས་རེས་གཟའ་སྤེན་པ་ནམ་ཡིན་ལ་ལྷག་དཀར་སྲུང་བརྩི་ཞུ་རྒྱུ་དེ་གལ་ཆེན་དོན་ཆེན་ཞིག་ཏུ་བརྩི་རོགས་ཞུ་རྒྱུ་མ་ཟད།    བོད་ཁྱིམ་སློབ་གྲྭ་ཁག་ནས་གཙོས་བོད་པ་གནས་སྡོད་བྱེད་སའི་སློབ་གྲྭ་ཁག་ཚང་མའི་ནང་ལ་ཡང་ལས་འགུལ་དེ་སྤེལ་ཐུབ་ན་འཚར་ལོངས་འབྱུང་བཞིན་པའི་གཞོན་སྐྱེས་ཚོའི་སེམས་ལ་བོད་ཀྱི་རིག་གཞུང་གི་བག་ཆགས་ཤིག་ཏན་ཏན་འཇོག་ཐུབ་ངེས་རེད། ད་དུང་སློབ་གྲྭ་ཁག་ནང་རེས་གཟའ་ལྷག་པའི་ཞོགས་པར་ཀྲི་མོག་གི་ཚབ་ཏུ་རྩམ་པ་དང་བོད་ཇ་འབུལ་ཐུབ་ན། གཅིག་ནས་སློབ་མའི་འཕྲོད་བསྟེན་ལ་ཕན་ཐོགས་ཡོད་པ་དང་།  གཉིས་ནས་རྩམ་དྲི་འཐུལ་བའི་བོད་པ་རྣལ་མ་ཞིག་ཆགས་ཐུབ་རྒྱུར་རྨང་གཞི་སྲ་བརྟན་བསྐྲུན་ཐུབ། ཚད་མཐོ་ས་ཞིག་ནས་བརྗོད་ན།   ལས་འགུལ་འདི་ནི་༧རྒྱལ་དབང་དགྱེས་པའི་མཆོད་སྤྲིན་ཞིག་ཡིན་ལ། བོད་ནང་གི་གཞིས་ལུས་སྤུན་ཟླ་ཚོའི་ལས་དབང་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་བྱས་པ་ཞིག་ཀྱང་ཡིན་པས། ཅི་ཡང་མི་ཤེས་ལ་གང་ཡང་མི་འཇོན་པའི་སློབ་གཉེར་བ་བདག་གིས་ཕན་སེམས་ཀྱི་བསམ་པས་ཀུན་ནས་བསླངས་ཏེ་འདི་ལྟར་འབོད་སྐུལ་ཞུས་པ་ཡིན།   འབོད་བསྐུལ་དེའི་པང་ཁུག་ན་ད་ལྟའང་ད་དུང་རེ་བ་དང་ཧམ་སེམས་གཞན་ཤིག་ཡོད་པ་ནི། ལས་འགུལ་དེ་རིམ་བཞིན་ཨེ་ཤ་ཡའི་རྩྭ་ཐང་ནས་འཕུར་ཏེ་ཡོ་རོབ་དང་ཨ་རིས་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་གནས་སྡོད་བྱེད་བཞིན་པའི་བོད་པའི་ས་ཁུལ་ཡོངས་ལ་ཁྱབ་ཐུབ་ན་སྙམ་པ་དེའོ།       །

 

Add comment


Security code
Refresh

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

Photo News

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow