The Tibet Express

Select Language

བོད་ཡིག繁體中文English
  • Create an account
    *
    *
    *
    *
    *
    Fields marked with an asterisk (*) are required.
  • Search

jamso


2012.05.10 05:11:34
There are no translations available.


ཕྱི་ལོ ༢༠༡༢ ཟླ ༣ ཚེས ༢༩ ཉིན་ཁམས་བྲག་མགོ་རུ་རང་ལོ་༢༥་ཡིན་པའི་མགོན་པོ་རིག་འཛིན། ཉེན་རྟོག་པས་འཇུ་བཟུང་བྱེད་པར་མ་བཟོད་ནས་རང་གིས་རང་ལ་གྲི་བཙུགས་ཏེ་འདས་གྲོངས་སུ་གྱུར་འདུག དེ་ཡང། མགོན་པོ་རིག་འཛིན་ཕྱི་ལོ ༢༠༡༢ ཟླ ༡ ཚེས ༢༣ ཉིན་སྟེ། རྒྱ་ནག་གི་དཔྱིད་གསར་དུ་ཆེན་གྱི་ཉིན་དང་པོར་བྲག་མགོ་རྫོང་ཐོག་ཏུ་བྱུང་བའི་བོད་མིའི་ཞི་རྒོལ་དུ་ཞུགས་ཡོད་པ་དང། སྐབས་དེར་ཉེན་རྟོག་པའི་འདྲ་པར་ནང་དུ་ཐེབས་ཡོད་པར་བརྟེན།


Tags:



2012.05.01 01:53:23
There are no translations available.

བྲག་མགོའི་ཛ་དྲག་ཚོགས་ཆུང་གིས་མཁོ་སྤྲོད་གནང་དོན་དུ། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་ཁམས་བྲག་མགོའི་མང་ཚོགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པར་བརྟེན། དུས་དེ་ནས་བཟུང་ད་ལྟའི་བར་དུ་བྲག་མགོ་རུ་རྒྱ་དམག་གིས་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་དང་། དེ་ཡང་བླ་སྤྲུལ་དང་སེར་སྐྱ་གང་མང་ཞིག་འཇུ་བཟུང་བྱས་ཟིན་པའི་ནང་ནས། སྒུག་སྟེང་གྲོང་ཕ་བསོད་དགྲ་འདུལ་དང་མ་སྐྱ་ལུ་གཉིས་ཀྱི་བུ་བསོད་ནམས་དར་རྒྱས་ལ་ལོ་༡༠ དང་། དགུ་ནང་གྲོང་ཕ་རྒྱས་པའི་བུ་པདྨ་འོད་གསལ་ལ་ལོ་༥ཡི་བཙོན་འཇུག་ཁྲིམས་ཐག་དང་། གཞན་མི་ལྔ་ལ་ལོ་༡༠ ནས་༡༣ བར་གྱི བཙོན་འཇུག་ཁྲིམས་ཐག་བཅད་ཡོད། དེ་ཡང་་་་་་་་་་་


Tags:



2012.04.10 00:13:05
There are no translations available.

KOLKATA: A 26-year-old Tibetan youth jumped off Howrah bridge late on April 2 to protest against the Chinese occupation of Tibet. Dandhup Phunsak's body was found on Saturday evening near Baja-Kadamtala ghat and identified by his mother. The last SMS Dandhup sent was not to his family but a member of an organization working for the Tibetan cause. He died wearing a 'Free Tibet' T-shirt.


Tags:



2012.04.06 22:41:56
There are no translations available.

བཀའ་ཁྲི་མཆོག་ཉི་ཧོང་ནས་ལྡི་ལིར་ཞབས་སོར་འཁོད་དེ་གཞུང་ཚབ་ཁང་ཁག་དང་། རྒྱ་གར་གྱི་དཔོན་རིགས་སོགས་དང་མཇལ་འཕྲད་་ཀྱི་དེ་རིང་དགོང་མོར་རྒྱ་གར་གྱི་བརྙན་འཕྲིན་་་་་་་་་་(NEW DELHI: Kalon Tripa will appear on the CNBC-TV18 weekly interview series called “BEAUTIFUL PEOPLE” at 9:00PM on Saturday, April 7 and 1:30PM & 8:30PM on Sunday, April 8, 2012). བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ། ཡུལ་དེའི་སྲིད་བློན་ཟུར་པ་གཉིས་དང་གྲོས་ཚོགས་འཐུས་མི། ཆབ་སྲིད་ཚོགས་པ་ཁག་གི་འཐུས་མི་སོགས་ལ་མཇལ་འཕྲད་གནང་སྟེ། ད་ལྟའི་བོད་ནང་གི་རང་ལུས་མེར་སྲེག་གི་སྐོར་དང་བོད་མི་ཚོའི་དགོས་འདུན་གང་ཡིན་མིན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་གང་བཟུང་ཡོད་མེད་བཅས་ལ་འགྲེལ་བརྗོད་གནང་པ་དང་།


Tags:



2012.02.18 02:54:02
There are no translations available.


བྲག་འགོའི་ཛ་དྲག་ཚོགས་ཆུང་གིས་གནས་ཚུལ་མཁོ་སྤྲོད་གནང་དོན་ལ། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༩ ཉིན་བོད་ཁམས་བྲག་མགོ་རྫོང་ནོར་ཆུང་ཤང་གི་འབྲོག་སར་ཕ་དགའ་རབ་ཉི་མ་དང་མ་སངས་ལྷ་གཉིས་ཀྱི་བུ་རང་ལོ་ ༤༠ ཡིན་པ་དགེ་འདུན་ཡེ་ཤེས་རིག་གསལ་ལགས་དང་། རང་ལོ་ ༣༨ ཡིན་པ་ཡེ་ཤེས་བསམ་འགྲུབ་ལགས་གཉིས་རྒྱ་མིའི་དྲག་ཆས་དམག་མིས་དམར་གསོད་བཏང་ཡོད་པ་དང་། ཉེ་སྔོན་འདས་གྲོངས་སུ་གྱུར་པ་ཁོང་གཉིས་ཀྱི་སྐུ་ཕུང་མི་མང་གིས་ཕྱིར་རག་ཐབས་བྱས་ཀྱང་རྒྱ་གཞུང་གིས་ཕྱིར་སྤྲོད་རྒྱུ་ལས་ལྡོག་སྟེ། ཕུང་པོ་ཁྱེད་ཚོའི་ལག་ཏུ་སྤྲོད་དགོས་དོན་མེད་ལ་རྗེས་འཇུག་ང་ཚོས་བྱས་ཚར་ཡོད་ཅེས་ལན་འདེབས་བྱས་འདུག
Tags:



2012.02.17 04:33:12
There are no translations available.

 

ཟླ་འདིའི་ཕྱི་ཚེས་༢༢ ཉིན་བོད་ཀྱི་ལོ་སར་ཚེས་གཅིག་ལ་འཁེལ་གྱི་ཡོད་པས། དྷ་སར་གནས་བཞུགས་སྤྱི་འཐུས་རྣམ་པ་མང་པོ་ཞིག་གིས་ཟས་བཅད་ངོ་རྒོལ་བྱེད་འཆར་ཡོད་ལ་མི་མང་ཡང་གང་མང་འཛོམས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། སྤྱིར་བོད་ཀྱི་སྲོལ་རྒྱུན་ལོ་སར་ནང་དགའ་བའི་ཞབས་བྲོ་འཁྲབ་པ་དང་། གཉེན་སྒྲིག་རྟེན་འབྲེལ་བྱེད་པ། དགའ་གཉེན་མགྲོན་དུ་འབོད་པ། ལོ་འགོར་བཀྲིས་ན་ལོ་འཁོར་མར་རླུང་དར་རྒྱས་ལ་བྱ་བ་ལམ་འགྲོ་ཡོང་བའི་རྟེན་འབྲེལ་བརྩི་སྲོལ་ཡོད། ད་ལོ་བོད་རབ་བྱུང་༡༧ ཆུ་འབྲུག་ལོའི་ལོ་སར་སྐབས་ང་ཚོ་བོད་རིགས་ཚང་མར་རྟེན་འབྲེལ་བྱེད་པའི་འདུན་པ་མེད་ལ། གལ་ཏེ་དགའ་བའི་ཞབས་བྲོ་སོགས་འཁྲབ་ན་མེ་ལྕེའི་ཁྲོད་དུ་སོང་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རྣམ་ཤེས་དག་པའི་ཞིང་ས་འགྲོ་མི་ཐུབ་ལ། ང་ཚོ་ལས་རྒྱུ་འབྲས་ཀྱིས་ཐར་པ་གཏོང་མི་སྲིད། ང་ཚོས་རྟེན་འབྲེལ་བྱེད་རྒྱུའི་ཚབ་ཏུ་མྱ་ངན་གྱིས་ངོ་རྒོལ་བྱེད་དོན་གང་ཡིན་ཞེ་ན།་་་་་་


Tags:



2012.02.16 22:52:35
There are no translations available.

ཁ་སང་ཚེས་༡༥ ཉིན་གྱི་དགོང་མོར་ང་ལ་འབྲེལ་ཡོད་ཀྱིས་ཁ་པར་བརྒྱུད་ནས་ཁུངས་ལྡན་གནས་ཚུལ་སྤྲད་དོན་ལ། ཁ་སང་གི་ཉིན་གུང་ཙམ་ལ་རྫ་འཁྲི་འདུ་རྫོང་ཉ་མཚོ་ཟིལ་དཀར་དགོན་གྱི་དགེ་འདུན་པ་མཁར་རོང་སྡེ་པ་ནས་ཡིན་པ་ཕ་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་བུ་གྲྭ་བསོད་ནམས་དགེ་བ་དང་། འབྲི་སྨད་སྡེ་པ་ནས་ཡིན་པ་ཕ་བཀྲ་ཚེའི་བུ་གྲྭ་བློ་བཟང་བསམ་གཏན། གེ་ཤ་སྡེ་པ་ནས་ཡིན་པ་ཕ་གཏེར་ཁུའི་བུ་གྲྭ་བློ་བཟང་ཉི་མ་གསུམ་ས་གནས་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བྱས་ཡོད་པས། ད་ལྟའི་སྐབས་ས་གནས་གང་ཞིག་ཏུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་བྱུང་མི་འདུག གོང་བརྗོད་ཀྱི་གནས་ཚུལ་དེ་ཁ་པར་བརྒྱུད་ནས་ངོ་སྼོད་བྱས་ཡོད་པས་སྡེ་པ་དེ་དག་གི་མིང་གི་དག་ཆ་ལ་ནོར་འཁྲུལ་བྱུང་ཡོད་སྲིད་ན། འབྲེལ་ཡོད་ཚོས་དོ་སྣང་གིས་ནོར་བཅོས་གནང་རོགས་ཞུ་རྒྱུ་ཡིན། དེ་ཡང་་་་


Tags:



2012.02.08 00:01:03
There are no translations available.

བོད་ཀྱི་ས་ཁུལ་མི་འདྲ་བ་ཁག་ནས་ཞི་བའི་གྱེན་ལངས་དང་སྐུ་ལུས་མེར་སྲེག་གནང་བཞིན་པའི་གནས་ཚུལ་རྣམས། དབྱིན་ཡིག་ཐོག་ནས་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་བྱེད་སྐབས་ངེས་པར་དུ་མིང་ཚིག་གཅིག་གྱུར་དགོས་ཀྱི་འདུག དེ་མིན་དབྱིན་ཡིག་ནང་ལུང་པ་གཅིག་ལ་མིང་ཚིག་བེད་སྤྱོད་གཏོང་སྟངས་མི་འདྲ་བ་མང་པོ་ཡོང་གི་འདུག དེ་ལྟར་བྱས་ན་་ལུང་པ་ངོ་འཕྲོད་མི་ཐུབ་པ་དང་། ལྷག་དོན་དེའི་རིགས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་འགྲོ་སྐབས་རྒྱ་ནག་གིས་འཁྱོག་བཤད་སྣ་ཚོགས་བྱེད་སྲིད་པས་ངེས་པར་དུ་དོ་སྣང་གནང་དགོས  དཔེར་ན།


Tags:



2012.01.25 09:34:10
There are no translations available.

༢༠༡༢ལོའི་ཟླ་༡བོའི་ཚེས་༡༦ཉིན་གསེར་རྟ་རྫོང་ཞོ་རོགས་སྡེ་བའི་གྲྭ་ཏེས་པ་དང་ཉི་སྣང་གཉིས་ཀྱིས་ཁྲོམ་དཀྱིལ་དུ་ཞི་བའི་སྐད་འབོད་དང་བསྒྲགས་ཡིག་གཏོར་བའི་གནས་ཚུལ་བྱུང་འདུག ཏེས་པ་ལོ་ན་༡༦དང་ཉི་སྣང་ལོ་༢༡ཡས་མས་རེད་ཟེར། ཁོང་གཉིས་ཀྱིས་ལྷག་བསམ་དང་སྤོབས་པ་ཁུར་ནས་གསེར་རྟའི་ཐང་ཆེན་གྱི་གཏེར་རྟའི་སྔུན་ནས་ལྷ་རྒྱལ་ལོ་དང་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་འབོད་དང་རླུང་རྟས་བར་སྣང་བཀང་བར་བྱས། དེ་མུར་ས་གནས་ཉེན་རྟོག་པས་འཛིན་བཟུང་དང་གནམ་བོའུ་བྱས་པར་ཉེ་འཁོར་གྱི་བོད་མི་མཉམ་རུབ་ཀྱིས་སྐད་འབོད་ངོ་རྒོལ་ཁྲོད་གྲྭ་ཆུང་གཉིས་པོ་གཉེན་རྟོག་པའི་ལག་ནས་ཕྱིར་ཕྲོག་ཐུབ་པ་ཙམ་བྱུང་འདུག ཡིན་ན་ཡང་དེ་ནས་བཟུང་ཉེན་རྟོག་པའི་ལྟ་རྟོག་ཇེ་ནན་དང་ཕྱོགས་གང་སར་དྲག་ཆས་དམག་དང་ཉེན་རྟོག་པ་འགྲེམ་འཛུགས་བྱས་ཏེ་ས་གནས་མང་ཚོགས་ཀྱི་རང་དབང་ལ་ཚད་བཀག་བཟོས་འདུག་་་་་་་་་།


Tags:



2012.01.24 00:39:46
There are no translations available.

ཟླ་འདིའི་ཚེས་༢༣ ཉིན་ཁམས་བྲག་མགོའི་ནང་ཞི་རྒོལ་བྱེད་པའི་སྐབས་མི་གཅིག་རྒྱ་མིས་མེ་མདའ་བརྒྱབ་ནས་བསད་ཡོད་པ་དང། མི་གྲངས་༣༦ ལ་རྨས་སྐྱོན་བཏང་ཡོད་པ་རྣམས་གཤམ་གསལ་ལྟར་ཡིན། མི་དེ་དག་གི་གནས་ཚུལ་ང་ལ་འབྱོར་བ་དང་མཁོ་གཏོང་བྱས་པ་ཡིན། ད་དུང་མིང་དང་ལོ་ས་གནས་སོགས་འཁྲུལ་བ་ཡོང་སྲིད་པས་འབྲེལ་ཡོད་ཚོས་ངེས་པར་དུ་དོ་སྣང་བྱས་ཏེ་གནས་ཚུལ་མཁོ་འདོན་གནང་རོགས།

འདས་གྲོངས་སུ་གྱུར་པ་

༡ ནོར་པ་ཡོན་ཏན། ལོ་ ༤༩།

རྨས་སྐྱོན་ཕོག་ཡོད་པ་རྣམས་གཤམ་གསལ་ལྟར་ཡིན།


Tags:



2012.01.23 03:23:50
There are no translations available.

ཕྱི་ལོ་༢༠༡༢ ཟླ་༡ ཚེས་༢༣ ཉིན་གྱི་སྔ་དྲོ་ནས་ཁམས་བྲག་མགོ་ས་ཁུལ་གང་སར་རྒྱ་གཞུང་ལ་ཞི་རྒོལ་ཆེན་པོ་ཞིག་བྱས་དང་བྱེད་བཞིན་ཡོད་པ་དང། ཞི་རྒོལ་དེའི་ཁྲོད་ནས་ཡོན་ཏན་ཟེར་བའི་མི་སྐྱ་ཞིག་ལ་རྒྱ་མིས་མེ་མདའ་བརྒྱབ་ནས་བསད་ཡོད་པ་དང། དགེ་འདུན་པ་གསུམ་ལ་རྨས་སྐྱོན་བཏང་ཡོད་པ་ད་ལྟའི་སྐབས་ཤི་གསོན་གང་ཡིན་གསལ་ཁ་མི་འདུག ཡོན་ཏན་གྱི་སྐུ་ཕུང་དགེ་འདུན་པ་ཚོས་ཐབས་ཤེས་ཀྱིས་ད་ལྟའི་སྐབས་བྲག་མགོ་དགོན་དུ་ཉར་ཡོད་འདུག བྲག་མགོ་ཁུལ་གྱི་བཙུན་དགོན་ཞིག་ནང་ཞི་རྒོལ་བྱེད་བཞིན་ཡོད་པས་ད་ལྟའི་སྐབས་ཤི་སྐྱོན་དང་རྨས་སྐྱོན། གཏོར་བཤིག་སོགས་ཇི་ཙམ་བྱུང་ཡོད་མེད་གསལ་པོ་ཤེས་རྟོགས་མི་འདུག་ན་འབྲེལ་ཡོད་ཚོས་དོ་སྣང་བྱེད་དགོས།
Tags:



2011.12.28 23:09:28
There are no translations available.

 

གནས་མཆོག་རྡོར་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༢ གནང་ལ་ཉེ་བས། གནས་འདི་ན་མི་ཚོགས་ཀྱི་འཁྲུག་ཆ་ཤིན་ཏུ་དོད་པོ་འདུག ས་གནས་རྒྱ་གར་ཡུལ་མི་ཚོས་རང་ཉིད་ཀྱི་ཁང་ཁྱིམ་སྟོང་པ་བཟོས་ནས་ཆོས་ཞུ་བ་ཚོར་ཁང་གླ་གཏོང་པའི་ཚོང་དོན་གྱི་ལས་བྲེལ་བྱེད་བཞིན་པ་དང། ཕོ་གསར་ལ་ལས་སྦག་སྦག་གཏོང་བཞིན་དུ་མི་རེ་རེ་བཞིན་ཁང་པ་དགོས་ཀྱི་ཡོད་དམ་ཞེས་དྲིས་ནས་འགྲོ་ཡི་འདུག ད་དུང་བོད་པ་ལ་དགོས་པའི་ཆ་དངོས་ཀྱི་རིགས་མི་འདྲ་བ་སྣ་ཚོགས་དང་། མཆོད་པའི་ཡོ་བྱད་མེ་ཏོག་པད་མ་སོགས་དྲི་ཞིམ་གྱི་འཐུལ་བའི་རིགས་ཀྱང་སྣ་ཚོགས་འདུག ད་ལྟའི་སྐབས་ངས་ཆེེས་མཐོང་འདོད་མེད་པའི་ཚོང་རིགས་ཅིག་མེད་པ་དེར་དགའ་བ་སྒོམ་ནས་བསྡད་ཡོད། དེ་ཡང་ཉ་རིགས་ཆེ་ཆུང་ཁྲི་ཚོ་མང་པོ་ཟོམ་ཆེན་པོའི་ནང་བླུགས་ནས། ཆོས་ཞུ་བ་ཚོར་སྲོག་བླུ་དགེ་སྒྲུབ་ཀྱི་ཆོ་ག་བྱེད་བཅུག་པའི་ཚོང་ལས་དེ་རེད།


Tags:



2011.12.19 10:00:22
There are no translations available.

རྒྱ་གར་གྱི་མེས་པོ་དམ་པ་གྷ་དྷིན་གྱི་རྗེས་འབྲང་བ་གྲགས་ཅན་ཨན་ནཱ་ཧར་རྫ་རཱི་མཆོག་གིས། རྒྱ་གར་ནང་ལྐོག་ཟ་རུལ་སུང་བྱེད་མཁན་གྱི་དཔོན་རིགས་མང་པོ་ཡོད་པ་མ་ཟད། མི་མང་གི་བདེ་སྡུག་ལ་ལྟ་སྐྱོང་ཡང་སྐྱོ་པོ་ཡིན་པས། lokpal ལཱོག་པཱལ་ཟེར་བ་མི་མང་གི་ཁྲིམས་འཆར་ཞེས་འབོད་པ་དེ། འདི་ལོ་དགུན་དུས་ཀྱི་གྲོས་ཚོགས་སུ་ཁྲིམས་འཆར་འཁྱེར་ནས་ཐག་གཅོད་ཟིན་པ་དགོས་ཞེས། ཟླ་གྲངས་མང་པོའི་སྔོན་ནས་འཛིན་སྐྱོང་གིས་ངོས་ལེན་བྱེད་ཆེད་དུ་ཟས་བཅད་ངོ་རྒོལ་སོགས་གནང་པས་ཁོང་བཙོན་འཇུག་ཀྱང་བྱས་ཡོད་པ་རེད། ད་ལྟའི་སྐབས་རྒྱ་གར་གྱི་དགུན་དུས་ཀྱི་གྲོས་ཚོགས་འཚོག་བཞིན་ཡོད་རུང་། ཁྲིམས་འཆར་འདི་ད་དུང་ཡང་གྲོས་ཚོགས་སུ་གླེང་སློང་དང་ཐག་གཅོད་བྱུང་མེད་པའི་རྐྱེན་གྱིས། ཁོང་གིས། སྲིད་བློན་ལ་འདིའི་སྐོར་ལ་སླར་ཡང་ཕྱག་བྲིས་ཤིག་ཕུལ་བའི་ནང་། "སྲིད་བློན་མཆོག་ང་མགོ་སྐོར་མ་གཏོང་རོགས་"ཞེས་སོགས་འཁོད་ཡོད་པ་རེད་་་་་་་།


Tags:



2011.12.16 00:18:07
There are no translations available.

རྒྱ་ནག་ལྷོ་ཕྱོགས་གྷོང་དྷུང་ནས་བྷི་བྷི་སིའི་གསར་འགོད་པས་དབུགས་ཧད་བཞིན་དུ། དེ་རིང་གྷོང་དྷུང་གི་གྲོང་གསེབ་ཝི་ཀན་ནང་མི་མང་སྟོང་ཕྲག་མང་པོས་གྱེན་ལངས་ཚ་ཚ་འུར་འུར་བྱེད་ཀྱི་ཡོད་པའི་ཁྲོད་ནས་འབོད་སྒྲ་མི་འདྲ་བ་གཉིས་ཡོང་གི་འདུག་པ་སྟེ། "དང་པོ། ལས་བྱེད་ལྐོག་ས་རུལ་སུང་བ་མཐའ་སྐྲོད་གཏོང་དགོས། དམར་ཕྱོགས་ཚོགས་པ་ཁྲི་ལོར་བརྟན་པར་ཤོག་"ཟེར་བ་གཉིས་རེད་འདུག། དོན་དུ་ས་གནས་གཞུང་གིས་མི་མང་གི་ས་འཕྲོགས་ཏེ་གུན་གསབ་སྤྲད་མེད་པས་ས་གནས་གཞུང་ལ་ངོ་རྒོལ་དང་། ངོ་རྒོལ་དེ་ལ་དབུས་གཞུང་གི་རྒྱབ་སྐྱོར་ཐོབ་ཆེད་དུ་"དམར་ཕྱོགས་ཚོགས་པ་ཁྲི་ལོར་བརྟན་པར་ཤོག་"ཟེར་བ་ཞིག་ཡིན་རུང་། གྲོང་གསེབ་དེའི་འཐུས་མི་ཞུ་གཏུགས་བྱེད་པར་བསྐྱོད་སྐབས་ཉེན་རྟོག་པས་བསད་ཡོད་པ་རེད་་་་་་།


Tags:



2011.12.09 05:47:56
There are no translations available.

འཛམ་གླིང་ནང་སྙན་གྲགས་ཆེ་བའི་ Time Magazine ནང་གནས་ཚུལ་སྤེལ་བའི་ནང་། འཛམ་གླིང་ནང་སྣང་ཆུང་དུ་ཤོར་བའི་གནད་དོན་གཅིག་ནི་བོད་ཀྱི་དགེ་འདུན་པ་ཚོས་སྐུ་ལུས་ལ་མེར་བསྒྲོན་ནས་བོད་དོན་གྱི་ཆེད་དུ་ལུས་སྲོག་བཏང་པ་དེ་རེད་ཅེས་འཁོད་འདུག དུས་དེབ་འདི་ནི་འཛམ་གླིང་ནང་ཧ་ཅང་གི་སྐད་གྲགས་ཅན་ཞིག་རེད། རྣམ་པ་ཚོས་ཞིབ་གཟིགས་གནང་རོགས།


Tags:



2011.12.07 00:50:27
There are no translations available.


ཁ་སང་དགོང་མོའི་ཚོུད་དྲུག་དང་ཕྱེད་ཀ་ཙམ་ནང་དྷ་ཤོད་ཁྲོམ་གཞུང་གི་གློག་འོད་ཁྲ་ཆིལ་དགུང་ལ་ཆིལ་བའི་ཁྲོད་དུ། མི་རྣམས་ཀྱིས་རང་རང་ལ་མཁོ་བའི་ཅ་དངོས་ཉོས་པ་དང་ལ་ལས་དགུན་དུས་ཀྱི་མཚན་རིང་སྐྱེལ་ཐབས་སུ་སྤྲོ་འཁྱམ་ལ་ཡོང་འདུག་པས། མི་ཚོགས་འདུ་འཛོམས་ཀྱིས་འཁྲུག་ཆ་ཤིན་ཏུ་དོད་པོ་འདུག མི་ཚོགས་ལང་ལོང་དུ་གཡོ་བའི་ཁྲོད་ནས་བོད་པའི་ཕོ་གསར་མོ་གསར་གཉིས་ཀྱིས་སྐེ་ལ་འཁྱུད་རེས་བྱས་ཏེ། ཁྲོམ་གཞུང་ནང་མི་ཐུག་ཚད་ལ་fuck youཟེར་ནས་སྐད་ཤུགས་ཆེན་པོ་བརྒྱབ་པ་དང་ལྷན་དུ། ད་དུང་དབྱིན་སྐད་ཐོག་ཚིག་ངན་སྣ་ཚོགས་བེད་སྤྱོད་གཏོང་གི་འདུག་པས། རྒྱ་གར་བའི་མི་འགའ་རེས་ལྟད་མོ་ལྟ་ཡི་འདུག་ལ། ལ་ལས་ཤིན་ཏུ་ཁྲོ་བའི་རྣམ་འགྱུར་གྱིས་ལྐོག་ལབ་དང་བོད་པར་དམའ་འབེབས་བྱེད་ཀྱི་འདུག་་་་་་་་་།


Tags:



2011.12.01 04:57:27
There are no translations available.

“ནང་གི་དཀའ་ངལ་གྱིས་རྐྱེན་བྱས་ཏེ་ང་བཟའ་ཟླ་དང་ཅུང་རྒྱང་ཐག་རིང་བའི་སར་མ་བྱན་གྱི་ལས་ཀ་བྱེད་དུ་སོང་། དུས་ཚོད་སྟོང་པ་ག་དུས་ཡོད་ན་བཟའ་ཟླ་ལ་ཁ་པར་བཏང་ནས་ན་ཚའི་སྐོར་སྐད་ཆ་དྲིས་སྐབས། མོས་ཡང་ནས་ཡང་དུ་ཁྱེད་རང་གིས་ལས་ཀ་ཧུར་ཐག་བྱེད་རོགས་ངའི་ན་ཚ་སྣང་དག་མི་འདུག་ཅེས། གཙོ་བོ་ནང་གི་དཀའ་ངལ་སེལ་ཐབས་སུ་ན་ཚ་ལ་གདོང་ལེན་བྱས་འདུག དེ་ནས་འབྲེལ་ཡོད་ཀྱིས་མོའི་ན་ཚ་སྡུག་ཏུ་སོང་བའི་སྐོར་བརྡ་ལན་བསྐུར་འདུག་པས། ལས་ཀ་ནས་ཉིན་གྲངས་ལྔ་དགོངས་པ་ཞུས་ཏེ་བཟའ་ཟླར་ལྟ་རུ་སོང་བས། མོའི་ལུས་གཞི་ཤིན་ཏུ་ཞན་པོ་གྱུར་ནས་ལྗིད་ཚད་ཀི་ལོ་༢༠ ལྷག་ཙམ་མར་ཆག་འདུག་་་་་་་་


Tags:



2011.11.18 07:53:45
There are no translations available.

ང་ལྡི་ལི་ཡོང་ནས་ཉིན་གཉིས་པ་ཕྱི་ལོ་༢༠༡༡ ཟླ་༡༡ ཚེས་༡༨ ཉིན་འཚེ་མེད་ཞི་བའི་འདེམས་ཁ་ཐེབས་རྩ་ཁང་གི་གོ་སྒྲིག་འོག་ནས། ཨེ་ཤ་ཡི་ཆུ་དང་གཙང་པོའམ་འཛམ་གླིང་གི་སྣེ་གསུམ་པའི་གཙང་པོ་དང་ཆུའི་སྐོར་གྱི་ཚོགས་ཆེན་ཞིག་འཚོགས་ཡོད་པ་དེའི་ནང་། བོད་མི་མང་སྤྱི་འཐུས་བཅུ་ལྷག་ཙམ་ཞིག་དུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་ཟུར་ཉན་ལ་ཞུགས་ཡོད་པ་དང་། དང་ཐོག་ཚོགས་འདུ་འདིའི་ནང་བོད་ནང་གི་འབྲོག་པ་ཚོ་ཁང་ཁྱིམ་འཛུགས་སྐྲུན་གྱི་མཉམ་སྡེབ་ལས་གཞིའི་འཆར་འགོད་བྱེད་མཁན་གྱི་རྒྱ་རིགས་ཤིག་ཚོགས་ཞུགས་ཀྱི་ཆེད་དུ་སླེབས་འདུག་ཀྱང། བོད་རིགས་སྤྱི་འཐུས་ཚོ་མཐོང་པ་དང་བོད་རིགས་མང་པོ་འདུག་ཅེས་ཚོགས་འདུའི་ནང་འཛུལ་ཞུགས་མ་བྱས་པར་བྲོས་ཤོར་སོང་་་།


Tags:



2011.11.15 23:36:54
There are no translations available.

ཕྱི་ལོ་༢༠༡༡ ཟླ་༡༠ ཚེས་༢༦ ཉིན་ཆབ་མདོ་རྫོང་གི་མངའ་ཁོངས་རྫ་རྒྱུད་ཀརྨ་ཤང་དུ་འབར་རྫས་གས་འཐོར་གྱི་གནས་ཚུལ་ཞིག་བྱུང་ཡོད་པ་དང་། དེའི་རྐྱེན་གྱིས་ཉེ་འཁོར་གྱི་ཀརྨ་དགོན་ལ་རྒྱ་གཞུང་གིས་དམ་དྲག་བྱས་ནས། མཁན་པོ་བློ་གྲོས་རབ་གསལ་དང་འབྲེལ་ཡོད་ཀྱི་དགེ་འདུན་པ་ལྔ་འཛིན་བཟུང་བྱས་འདུག་པ་དང་། ད་དུང་ཟླ་འདིའི་ཚེས་༡༦ ཉིན་བརྒྱུད་ལམ་ཁག་ནས་དེང་སྐབས་དགོན་དེའི་དགེ་འདུན་པ་བདུན་ཅུ་འཇུ་བཟུང་བྱས་ཡོད་པ་རེད་ཅེས་བཤད་སོང་བས། ངས་འབྲེལ་ཡོད་ལ་འབྲེལ་བ་བྱས་ཏེ་དེའི་སྐོར་གྱི་གནས་ཚུལ་རྒྱུས་ལོན་བྱེད་སྐབས་་་་་་་།


Tags:



2011.11.11 04:36:30
There are no translations available.

ཉེ་དུས་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རན་བིར་ཀ་པུར་གྱིས་རོག་སི་ཊར་ཟེར་བའི་གློག་བརྙན་ཞིག་འཁྲབ་སྟོན་བྱས་ཡོད་པ་དང་། གློག་བརྙན་དེའི་གཞས་ཀྱི་ནང་ཚན་དུ་(ང་ཚོའི་ཐོབ་ཐང་འདིར་བཞག་དགོས་) ཟེར་བའི་འཁྲབ་སྟོན་གྱི་རྒྱབ་ལྗོངས་སུ་འཁྲབ་སྟོན་པ་ཚོ་དྷ་སའི་ཉེ་འཁོར་གྱི་ནོར་བུ་གླིང་ཁར་ཡོང་སྟེ། བོད་པའི་དགེ་འདུན་པ་དང་མི་སྐྱ་བཅས་ལ་བོད་ཀྱི་རྒྱལ་དར་འཕྱར་བཅུག་པ་དང་། བོད་རང་དབང་ཟེར་བའི་འབོད་ཚིག་སྒྲོག་བཅུག་པ་སོགས་བྱས་ཏེ་ཐོབ་ཐང་རྩོད་ལེན་གྱི་རྣམ་པ་དེ་བོད་མི་ཚོས་མཚོན་ཐབས་བྱས་ཡོད་པ་རེད་་་་་་་་།


Tags:



2011.11.09 21:16:25
There are no translations available.

ཕྱི་ལོ་༢༠༡༡ ཟླ་༡༡ ཚེས་༡༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་༨ པའི་ཐོག་ང་ལ་བལ་ཡུལ་མཆོད་རྟེན་འགྲམ་ནས་འབྲེལ་ཡོད་ཀྱིས་ཁ་པར་བཏང་གསལ་དུ། དགུང་ལོ་༣༠ ཡས་མས་ཀྱི་དགེ་འདུན་པ་ཞིག་གིས་ད་ལྟ་རང་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་སྐད་འབོད་དང་བཅས་སྐུ་ལུས་ལ་མེ་སྦར་སོང། ཡིན་ནའང་མི་མང་དང་ཉེན་རྟོག་པ་རུབ་དྲགས་ནས་སྐད་འབོད་ཀྱི་ཚིག་གསལ་པོ་གོ་མ་སོང། གང་ལྟར་མེ་སྦར་ནས་གོམས་པ་གསུམ་ཙམ་སྤོས་ནས་ས་ལ་རིལ་སོང་ཞེས་ངོ་སྤྲོད་གནང་བྱུང།


Tags:



2011.11.08 04:18:57
There are no translations available.

ད་ལྟའི་སྐབས་དཀྱིལ་ཤར་གྱི་རྒྱལ་ཁབ་ཁག་ཏུ་གྱེན་ལངས་ཀྱི་རླུང་འཚུབ་ཆེན་པོ་ལྡང་ནས་བཀས་བཀོད་བརྒྱུད་འཛིན་པ་འགའ་རེ་རྐྱེན་ལམ་དུ་བཏང་པ་དང་། ལ་ལའི་སྲིད་དབང་འགོ་རྟིང་སློག་པ་སོགས་ཀྱིས་མི་མང་པོས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་ལ་ངོས་འཛིན་བྱེད་བཞིན་པའི་སྐབས། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་རང་ལུས་ལ་མེ་སྒྲོན་ནས་རང་དབང་གི་ཆེད་དུ་ཞི་རྒོལ་ཆེན་པོ་ཞིག་གཅིག་མཇུག་གཉིས་མཐུད་བྱེད་བཞིན་པ་འདི་དང་འཕྲོས་ནས།

Tags:



2011.11.07 00:14:08
There are no translations available.

སྐུ་པར་འདི་ནི་འབྲེལ་ཡོད་ཀྱིས་ངའི་ངོ་དེབ་བརྒྱུད་ནས་བསྐུར་གནང་བ་ཞིག་ཡིན་་་་་་།


Tags:



2011.11.04 23:42:13
There are no translations available.

དེ་ཡང་ཕྱི་ལོ་༢༠༡༡།༡༡།༡ ཉིན་ད་ལྟ་བོད་ཨ་མདོ་རྔ་པ་ཁུལ་དང་དཀར་མཛེས་ཁུལ་དུ་རྒྱ་ནག་གི་དྲག་པོའི་དམག་དཔུང་འགྲེམས་འཇོག་ཤུགས་ཆེ་ཡོད་པར། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ཅན་གྱི་ཁྱད་མཁས་མི་སྣ་དྲུག་སྟེ། ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཁྱད་མཁས་དང་ཞི་བདེའི་འདུ་འཛོམས་ཐད་ཀྱི་ཁྱད་མཁས། སྨྲ་བརྗོད་རང་དབང་ཐད་ཀྱི་ཁྱད་མཁས། བཙན་དབང་གིས་བོར་བརླགས་ཞིབ་འཇུག་ཐད་ཀྱི་ཁྱད་མཁས།


Tags:



2011.11.03 04:10:41
There are no translations available.

ཕྱི་ལོ་༢༠༡༡ ཟླ་༡༡ ཚེས་༣ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་བཅུ་གཉིས་ཡོལ་ཙམ་ལ། ཁམས་རྟའུ་རྫོང་བྲོ་ཆོ་གྲོང་ཚོ་ནས་ཡིན་པ་ཕ་ཇོ་ནའི་དང་མ་ཀོས་ལན་གཉིས་ཀྱི་བུ་མོ། རྟའུ་བྱང་ཆུབ་ཆོས་གླིང་གི་བཙུན་མ་དཔལ་ལྡན་ཆོས་མཚོ་རང་ལོ་༣༥ ཡོད་པ་ཁོང་གིས། རྟའུ་རྣམ་རྒྱལ་མཆོད་རྟེན་གྱི་ཉེ་འགྲམ་དུ་མི་མང་གིས་སྨྱུང་གནས་འཚོགས་ཏེ་གྲོལ་ལ་ཉེ་བའི་སྐབས་དང་བསྟུན་ནས། དང་ཐོག་སྣུམ་མཆོད་པ་དང་དེ་ནས་ཉེ་སྔོན་རྒྱལ་གཅེས་དཔའ་བོ་རྟའུ་ཚེ་དབང་ནོར་བུ་ལགས་ཀྱིས་སྐུ་ལུས་ལ་མེར་བསྒྲོན་ནས་ངོ་རྒོལ་གནང་སའི་ས་ཆ་དེར། བཙུན་མ་རང་ཉིད་ཀྱི་སྐུ་ལུས་ལ་མེ་སྦར་ནས་མི་མང་གི་ཁྲོད་དུ། བོད་ལ་རང་དབང་དགོས། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག། ༧གོང་ས་མཆོག་བོད་ལ་གདན་ཞུ་བྱེད་དགོས་ཟེར་བ་སོགས་ཀྱིས་ཞི་རྒོལ་སྐད་འབོད་བྱས་ཡོད་པ་རེད།་་་་་་


Tags:



Page 1 of 4
  • «
  •  Start 
  •  Prev 
  •  1 
  •  2 
  •  3 
  •  4 
  •  Next 
  •  End 
  • »