The Tibet Express ཟིན་བྲིས་རྣམས་ལ་གཟིཌ། Ragshul Palden བུང་བའི་རང་དབང་དང་ངང་པའི་མཛའ་མཐུན་ལ་ཡིད་སྨོན་ཤོར་སོང་།

The Tibet Express

Select Language

བོད་ཡིག繁體中文English
  • Create an account
    *
    *
    *
    *
    *
    Fields marked with an asterisk (*) are required.
  • Search
2012.02.04 00:25:19
བུང་བའི་རང་དབང་དང་ངང་པའི་མཛའ་མཐུན་ལ་ཡིད་སྨོན་ཤོར་སོང་།
There are no translations available.

 

མུན་པའི་ཁོར་ཡུག་དང་སྡུག་བསྔལ་གྱི་འཚོ་བ་ལ་གནས་པའི་མཐོ་སྒང་གི་མི་རབས་གསར་པ་ཚོ།

མཛེས་ཤིང་ཡིད་དུ་འོང་བའི་མེ་ཏོག་གི་སྐྱེད་ཚལ་དེ་ན། 

འཕུར་ཞིང་ལྡིང་བའི་བུང་བ་འདི་ཚོ་ལ་ལྟོས་དང་། 

རང་གི་བགོ་སྐལ་གེ་སར་གྱི་སྦྲང་རྩི་ལ་ཅི་དགར་ལོངས་སུ་སྤྱོད་བཞིན་འདུག 

ང་ཚོ།


འཐེན་ཁྱེར་གྱི་རྦ་རླབས་དང་། 

ནང་འཁྲུགས་ཀྱི་དབུ་བ་ཕྱུར་བའི་གངས་ཅན་གྱི་མི་རབས་གསར་པ་ཚོ།

ཅི་འདྲའི་དངས་ཤིང་གཙང་བའི་ཆུ་གཏེར་གྱི་ཁོར་ཡུག་དེ་ན།

གསེར་མདོག་གི་ངང་པ་ཁྱུ་གཅིག

འགྲོ་ས་ཆུ་དང་འདུག་ས་འདམ་ལས་མེད་ཀྱང་།

གཅིག་སེམས་གཅིག་ལ་འཁོར་བའི་མཛའ་མཐུན་གྱི་ངང་ཚུལ་འདི་ལ་ལྟོས་དང་།

ང་ཚོ།

བུང་བའི་རང་དབང་དང་།

ངང་པའི་མཛའ་མཐུན་ལ་ཡིན་སྨོན་གཏིང་ནས་ཤོར་སོང་།

ཀྱེ་མ།

ང་ཚོའི་ལས་དབང་དེ་ཅི་འདྲའི་དམན་པ་ལ།

༢༠༠༩  ༩   ༥              ཉིན།

 


Tags:


2012.02.03 18:27:20
བཀྲ་ཤིས་བདེ་ལེགས།